སློབ་གྲྭའི་ནང་དུ་རིག་གནས་སྤེལ་རེས་བྱས་པ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གཉིས་པས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཧོང་མའེ་ཁྲང་ཞི་དང་། སྒོར་གཞས། ཡིག་གཟུགས། སྒྲ་སྙན། ཐའེ་ཅི་དྲག་རྩལ། གྱེར་འདོན་སོགས་སློབ་མའི་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་ཁྱད་ལྡན་རིག་གནས་ཤིག་གྲུབ་པར་བྱས་ཡོད། ཨན་ཧུའེ་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་སློབ་གྲྭས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། ཧོང་མའེ་ཁྲང་ཞི་ཚོགས་པས་ཧོང་མའེ་ཁྲང་ཞི་སྦྱོང་བའི་རྣམ་པའི་ཐོག་ནས་བོད་རིགས་སློབ་མས“ཨན་ཧའེ་ཡི་རིག་གནས”ཤེས་རྟོགས་ཐུབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཆེ་རུ་བཏང་བ་དང་། སྒོར་གཞས་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཁྱད་ཆོས་ལྡན་པའི་སྟངས་སྟབས་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་པ་དང་ཆབས་ཅིག རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག”སྟེ་ཨན་ཧུའེ་ཁྲའོ་ཧུའུ་ཡི་དམངས་གཞས་ཀྱི་གཞི་རྒྱུ་བསྣན་པས་ལྷོ་ཁ་མཐོ་འབྲིང་གཉིས་པའི་ཁྱད་ལྡན་སློབ་གསེང་ལུས་རྩལ་ཞིག་ཆགས་པ་དང་སློབ་གྲྭས་ཕྱི་ཕྱོགས་སུ་གཟུགས་བརྙན་ངོམ་པའི་མིང་བྱང་ལྟ་བུར་འགྱུར་བ་བྱས་ཡོད།