དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཞབས་འདེགས་ཀྱི་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-01

    གཞི་རིམ་གྱི་ཚན་རྩལ་ཞབས་འདེགས་ཀྱི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཆེད་མངགས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཁ་རུབ་ཆུས་ཐུང་སྐྱ་གྲོང་ཚོར་ཚན་རྩལ་ཞབས་འདེགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཚན་རྩལ་ཆེད་མངགས་པས་འདེབས་སྟངས་སློབ་པ་དང་། ལག་རྩལ་གསོ་སྦྱོང་། ཚན་རིག་ཁྱབ་གདལ་འཆད་ཁྲིད་སོགས་ཀྱི་བྱེད་ཐབས་ཀྱིས་ཞིང་འབྲོག་པར་ཚན་རྩལ་གྲུབ་འབྲས་སྣ་ཚོགས་དང་དེ་བཞིན་བཀོལ་སྤྱོད་བྱེད་སྟངས་ངོ་སྤྲོད་བྱས་པ་མ་ཟད། ཁོ་ཚོར་ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་ཤོས་བསླབས་པ་རེད། དེ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ལ་སྔོ་ཚལ་གྱི་ས་བོན་དང་གྲོང་གསེབ་ཀྱི་ཚན་རྩལ་དངོས་སྤྱོད་ལག་དེབ་སོགས་དངོས་ཟོག་300ལྷག་ཙམ་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ལས་ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཆུ་ཚད་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཞབས་འདེགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་རྒྱུན་རྣམ་ཅན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ནུས་པ་གསར་པ་འདོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།