དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས།

    རང་འགུལ་ངང་འགན་འཁྲི་ཕྲག་ཏུ་འཁུར་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ།

  •     སྤེལ་དུས།  2023-06-24


    འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཞིང་འབྲོག་ཆེད་དོན་ལས་བསྡུའི་འདུ་ཚོགས་སྐབས་གཉིས་པའི་ཐོག་ནགས་ལས་ལག་རྩལ་སློབ་གླིང་གི་2023ལོའི་སློབ་ཐོན་སློབ་མས་ཨན་ཧུའེ་ཡི་ཁེ་ལས་ཤིག་གི་འགན་འཁུར་བ་དང་སྤེལ་རེས་བྱས་ནས་ཁེ་ལས་འཕེལ་རྒྱས་དང་གླ་ཕོགས་ཀྱི་ཐོབ་ཐང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    “སྐུ་ཁམས་བཟང་། འདི་ནི་ངའི་ལོ་རྒྱུས་མདོར་བསྡུས་ཡིན། སློབ་གྲྭར་སྡོད་རིང་ང་ལ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ཡང་རག་བྱུང”

    “ང་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དཔལ་འབྱོར་དོ་དམ་སློབ་གླིང་གི་2023ལོའི་སློབ་ཐོན་སློབ་མ་ཡིན། བཀའ་འདྲི་ཞུ་རྒྱུར་ཁྱེད་ཚོའི་ཚན་པའི་ལས་བསྡུའི་ཆ་རྐྱེན་གང་དག་ཡིན་ནམ”

    ཟླ་4ཚེས་3ཉིན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་རིག་ཚན་སློབ་གླིང་གིས་གཉེར་བའི་ཡུལ་སྐོར་མགྲོན་ཁང་ལས་རིགས་ཀྱི་ལས་བསྡུའི་འདུ་ཚོགས་ཐོག་སྐར་མ་རིམ་པའི་མགྲོན་ཁང་20ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་ཤེས་ལྡན་པ་བསྡུ་བར་སླེབས་ཤིང་། ད་ཐེངས་ནི་སློབ་གྲྭས་འདི་ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་ཚུན་གཉེར་བའི་ལས་བསྡུའི་འདུ་ཚོགས་ཐེངས་19པ་དེ་རེད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་རེད་ལ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མཐོ་སློབ་ཀྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་རེད།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པའི་ལས་དོན་སྤེལ་ཚུན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞི་རྟེན་དང་དམ་འཛིན་བྱ་གཞིར་བརྩིས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་དམིགས་ཏེ་ལས་རིགས་སློབ་གསོ་ཡག་པོ་གཉེར་བ་དང་། ས་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཁྲོམ་རའི་སྟོན་ཕྱོགས་ཀྱིས་སློབ་གཉེར་བྱེད་སྟངས་ལ་སྐུལ་འདེད་བཏང་སྟེ། སློབ་ཐོན་སློབ་མ་ཚོས་ལས་ཞུགས་ལམ་བུར་ཡག་པོ་དང་བརྟན་པོ་བསྐྱོད་རྒྱུར་འདེགས་སྐྱོར་ཧུར་ཐག་བྱས་ཡོད།

    “ཧྲུའུ་ཅི་དང་སློབ་སྤྱིས་སྣེ་ཁྲིད་དེ་ཁེ་ལས་ལ་བསྐྱོད་ནས་ལས་གནས་རྒྱ་སྐྱེད་གཏོང་བའི”བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་བ་མ་ཟད། 《སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་དཔྱད་ཞིབ་བྱ་ཐབས》དང་། 《ལས་རིགས་སློབ་གསོའི་ཚོགས་པའི་ལག་བསྟར་ཇུས་གཞི》 དེ་བཞིན་འཛུགས་སྐྲུན་རྩིས་ཐོ་དང་། ལས་ཀའི་ལས་བགོས། དཔྱད་ཞིབ་དམིགས་ཚད་མ་ལག་བཅས་བཟོས་པ་དང་། སློབ་གྲྭ་དང་ཁེ་ལས་ཀྱི་གྲངས་གཞིའི་མཛོད་བཙུགས་པ། “བཟོ་གྲྭའི་སློབ་གཉེར”(ཁྲེང་ཧྥ་ལན་ཧྭ་ཀྲེ་པའོ་སྒྱུ་རྩལ་ཇུས་འགོད་ཆེད་ལས་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས)དང“སློབ་གྲྭའི་བཟོ་གྲྭ”(བོད་ལྗོངས་འགྲོ་ཕན་ལག་ཤེས་བཟོ་རྩལ་གྱོན་ཆས་ཆེད་ལས)“1+1+1”སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་ཐོག་ཤེས་ལྡན་པ་གསོ་སྐྱོང་གི་འཆར་གཞི་སོགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

    སློབ་གྲྭའི“1+X”ལག་ཁྱེར་ལམ་ལུགས(སློབ་རྒྱུས་ལག་ཁྱེར་+ལས་རིགས་རྩལ་ནུས་གང་རུང་ཞིག་སོགས་ཀྱི་རིམ་པའི་ལག་ཁྱེར་ལམ་ལུགས)ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ལས་ཕན་པ་ཐོབ་པ་བརྒྱུད། 2022ལོར་དཔལ་འབྱོར་དོ་དམ་སློབ་གླིང་གི་2021ལོའི་རྩིས་པའི་འཛིན་གྲྭ་དང་པོའི་སློབ་མ་ཅང་རུའེ་ལ་རྒྱལ་ཁབ་ཀྱི་དམའ་རིམ་རྩིས་པའི་ལག་ཁྱེར་བདེ་བླག་རག་ཅིང་། ཁོ་པས་འཛིན་གྲྭ་གཅིག་པའི་སློབ་གྲོགས་དང་བསྡུར་ཚེ་འབྱུང་འགྱུར་གྱི་ལས་ཞུགས་ཁྲོད་གོ་སྐབས་དེ་བས་མང་བ་རག་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “དེ་སྔ་ངའི་སེམས་ནང‘ཡོངས་བསྒྲགས་བསྡུ་ལེན’བརྒྱུད“གཞུང་ཞབས་པ”ཞིག་བྱེད་འདོད་པའི་བསམ་བློ་དེར་སློབ་གྲྭ་དང་དགེ་རྒན་ཚོས་འགྱུར་ལྡོག་བཏང་སྟེ་གདོང་མཆོང་དང་འབད་འཐབ་བྱེད་ཕོད་པའི་སེམས་ཤུགས་སྦྱིན་བྱུང”ཞེས་2021ལོའི་ལོ་མཇུག་ཏུ། སྲོག་ཆགས་ཚན་རིག་སློབ་གླིང་གི་2021ལོའི་སྲོག་ཆགས་ནད་ཡམས་བརྟག་ཞིབ་འཛིན་གྲྭའི་སློབ་མ་ཚེ་རིང་ཀུན་རྒྱལ་རེ་བ་གསར་པའི་དྲུག་མཐུན་མ་རྐང་ཚད་ཡོད་ཀུང་སིར(ཧུའུ་པེ་ཡུག་ཁུལ)དངོས་སྦྱོང་བྱེད་པར་ཕྱིན། ལོ་གཅིག་ལྷག་ཙམ་གྱི་འབད་འཐབ་བརྒྱུད། ཁོ་པ་དངོས་སྦྱོང་སློབ་མ་ཞིག་ནས་གཙོ་གཉེར་བ་ཆགས་ཤིང་། གླ་ཕོགས་ཀྱང་སྒོར་4000ནས་སྒོར་ཁྲི་1བར་མང་དུ་ཕྱིན་ཡོད། ལོ་གཅིག་ལྷག་ཙམ་རིང་གི་འབད་བརྩོན་ལས་སྔོན་ཆད་ཀྱི་ངོ་ཚ་སྨིན་པའི་ན་གཞོན་དེ་རིམ་བཞིན་འཚར་ལོངས་བྱུང་ཡོད་ལ། ཁོང་གིས་རང་ཉིད་ཀྱི་འཚར་ལོངས་དེ་མ་ཡུམ་སློབ་གྲྭ་དང་མ་ཡུམ་སློབ་གྲྭའི་དགེ་རྒན་ཚོར་བརྟེན་ནས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཏན་ཏན་ཏིག་ཏིག་གི་བྱ་ཐབས་དང་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ལས་སློབ་ཐོན་སློབ་མར་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་སྟེགས་ཤིག་བསྐྲུན་ཏེ་སློབ་ཐོན་སློབ་མ་དེ་བས་མང་བ་ལས་ཞུགས་བདེ་བླག་ཐུབ་པའི་འགན་ལེན་བྱས། ཟླ་5ཚེས་29ཉིན་བར། སློབ་གྲྭ་དེའི་སློབ་དུས་འདི་རང་གི་སློབ་ཐོན་སློབ་མ(ཉིན་གང་ལམ་ལུགས་ཀྱི་ཟླ་དྲུག་པའི་སློབ་ཐོན་སློབ་མ)1673ཡོད་པ་དང་། སློབ་མ་1205ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་72.3%ཟིན་པ། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་11འཕར་ཡོད། དེའི་ནང་སློབ་མ་1088ཁེ་ལས་སུ་ལས་ཞུགས་ཐུབ་པ་དེས་ལས་ཞུགས་མི་གྲངས་ཀྱི་89.69%བཟུང་ནས་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོར་གྱུར་ཡོད། ཉེ་བའི་ལོ་ལྔའི་རིང་། སློབ་གྲྭ་དེའི་སློབ་མའི་ཁྲོམ་ར་ཅན་གྱི་ལས་ཞུགས་ཐུབ་ཚད་85%ལྷག་ཙམ་ཟིན་ཡོད། ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱེད་སྟངས(བསྡུ་ཐེངས་གཅིག་ལ་མི་ལྔ་ཡན་བསྡུ་བའི་ཆེད་དོན་ལས་བསྡུ)བརྒྱུད་གཙོ་གནད་ཁེ་ལས་ལ་མི་358ལས་ཞུགས་ཐུབ་པ་དེས་ལས་ཞུགས་མི་གྲངས་ཀྱི་29.51%བཟུང་བ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8འཕར་བ། ལས་ཞུགས་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་ལ། ལས་ཞུགས་ཐུབ་ཚད་ཀྱང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།