དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྗོངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས་ཐོག་མ་ལྷོ་ཁར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-24

    སྡེ་ཁུལ་གྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་སྨན་བཅོས་འགན་སྲུང་ཞབས་ཞུའི་འགྲོ་ལུགས་གཉེར་རྒྱུ་གཞི་རིམ་ལ་ཁྱབ་པར་སྐུལ་འདེད་གཏོང་ཆེད། ཚེས་20ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས་ཐོག་མ་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནོར་བུ་གླིང་ཁ་སྡེ་ཁུལ་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    “དེ་སྔོན་ང་ཚོ་སྨན་བཅོས་འགན་སྲུང་ལས་སྒོའི་འགྲོ་ལུགས་གཉེར་དགོས་ན་ངེས་པར་དུ་གྲོང་ཁྱེར་གྱི་ཆེད་བཙུགས་འགྲོ་ལུགས་གཉེར་ཡུལ་གྱི་སྐར་ཁུང་དུ་འགྲོ་དགོས་པས། མི་མང་བའི་སྐབས་བང་རིང་པོ་བསྒྲིགས་ནས་ཡུན་རིང་སྒུག་དགོས། ད་ཆ་སྨན་བཅོས་འགན་སྲུང་ཞབས་ཞུའི་ས་ཚིགས་དེ་རང་ཁྱིམ་གྱི་སྒོ་རྩར་བཙུགས་པས་ལས་སྒོ་མང་པོ་ཞིག་ཐག་ཉེ་སར་ཐག་གཅོད་ཐུབ་ནས་སྟབས་བདེ་རུ་ཞེ་དྲག་ཕྱིན་འདུག”ཅེས་སྡེ་ཁུལ་གྱི་གྲོང་མི་པ་སངས་ལྷ་མོས་བཤད།

    ལྷོ་ཁ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གིས་ནོར་བུ་གླིང་ཁ་སྡེ་ཁུལ་གྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་ས་ཚིགས་བཙུགས་རྗེས་སྨན་བཅོས་འགན་སྲུང་ཞབས་ཞུའི་སྐར་ཁུང་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཡུལ་ས་མདུན་མར་སྤོས་ནས་སྨན་བཅོས་འགན་སྲུང་ཐད་ཀྱི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱུང་ཞིང་། “མཐའ་མའི་འགག་གནད”སེལ་ཐུབ་ལ་དཔྱད་གཞིར་འཛིན་སའི་གསར་གཏོད་བྱེད་སྟངས་གསར་པ་ཞིག་ཀྱང་མཁོ་འདོན་ཐུབ་ཡོད། ཞབས་ཞུའི་ས་ཚིགས་ཀྱིས་གོམ་སྟབས་རྗེས་མར་མང་ཚོགས་ཀྱི་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ཞབས་ཞུའི་འགྲོ་ལུགས་གཉེར་བའི་དོན་གནད་ལེགས་སྒྲིག་བྱས་ཏེ་དུས་ཚོད་འོས་འཚམ་གྱི་སྒོ་ནས་ཤང་དང་། གྲོང་ཚོ། སྡེ་ཁུལ་བཅས་སྔར་ལས་མང་བར་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།