དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • ལུས་སྦྱོང་བྱས་ན་གཟུགས་པོར་ཕན་ཐོགས་ཆེན་པོ་འདི་འདྲ་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    རྒྱུན་དུ་ལུས་སྦྱོང་མང་ཙམ་གྱིས་དང་།

    1.རྒྱུན་དུ་ལུས་སྦྱོང་བྱས་ན་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་བ་དང་། གྲིབ་སྐྱོན་ཕོག་པ་དང་སྙིང་གཟེར་རྒྱག་པ་སོགས་སྔོན་འགོག་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ཁྲག་ཤེད་དམའ་རུའང་གཏོང་ཐུབ།

    2.ལུས་སྦྱོང་བྱེད་པའི་སྐབས་སུ། སྦྱོང་བརྡར་བྱེད་དྲགས་ན་རུས་ཚིགས་ཀྱི་བཟོ་ལྟ་ཅུང་ཟད་འགྱུར་འགྲོ་གི་ཡོད་མོད། འོན་ཀྱང་རུས་རྒྱུ་སོབ་སོབ་ཆགས་མི་སྲིད། རྒྱུན་དུ་འཆམ་འཆམ་བྱེད་པ་དང་། རྒྱུགས་ཤར་གློད་པ། ཞབས་བྲོ་རྒྱག་པ་སོགས་རུས་ཚིགས་ལ་ཕན་པའི་ལུས་སྦྱོང་མང་ཙམ་བྱེད་དགོས།

    3.རྒྱུན་དུ་ལུས་སྦྱོང་བྱས་ན་པགས་འོག་གི་བཙོག་པ་ཕྱིར་དོན་པ་དང་། ལྷག་པར་དུ་རྔུལ་ཆུ་ཡང་སེ་དོན་པས། པགས་པ་མཉེན་ཞིང་འཇམ་དུ་འགྲོ་བར་ཡང་ཕན་པ་ཆེ།

    4.རྒྱུན་དུ་ལུས་སྦྱོང་བྱེད་མཁན་ལ་གྲུམ་བུའི་ནད་ཕོག་ཚད་3.5%དང་། ལུས་སྦྱོང་མི་བྱེད་མཁན་ལ་གྲུམ་བུའི་ནད་ཕོག་ཚད་10.2%ཟིན་གྱི་ཡོད་པས། དེར་བརྟེན་རྒྱུན་དུ་ལུས་སྦྱོང་མང་ཙམ་བྱས་ན་ཕན་པ་ཆེ།

    5.ལུས་སྦྱོང་རྒྱུན་འཁྱོངས་བྱས་ན། རིག་པ་དྭངས་བ་དང་། དྲན་ཤེས་བརྟན་པ། བློ་རྩེ་གཅིག་སྒྲིམ་ཐུབ་པའི་ནུས་པ་མང་པོ་ཡོད་པས། རྒྱུན་དུ་ལུས་སྦྱོང་མང་ཙམ་བྱེད་དགོས།

    6.ལུས་སྦྱོང་ཚད་རན་པོ་བྱས་ན་ཀླད་པར་ངལ་གསོ་ཡག་པོ་ཐེབས་ཐུབ་པ་དང་། ལྷག་པར་དུ། ཉལ་ཁར་ལུས་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་ཚེ་གཉིད་སྐྱིད་པོ་ཁུག་ཐུབ་པ་མ་ཟད། ཉིན་གཉིས་པར་གྲུང་ཤ་དོད་དུ་འགྲོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།