དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྤྱི་འདོམས་ལག་བསྟར་བྱས་པ།

    སྒོ་བསྟེན་སྨན་ཁང་དཀྱུས་མའི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར་50བར་ཆག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-31

    སྨན་བཅོས་འགན་སྲུང་ནི་དམངས་འཚོ་དང་འབྲེལ་བ་ཡོད། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》(གཤམ་ལ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཞིང་། བཀྲམ་པའི་ཉིན་ནས་བཟུང་ལྗོངས་ཡོངས་སུ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲབས་གསོག་དང་ཐོབ་ཐང་འགན་ལེན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔའི་གྲོང་ཁྱེར(ས་ཁུལ)རིམ་པའི་སྤྱི་འདོམས་བྱེད་པ་དང་བསྡུར་ན《ལག་བསྟར་བསམ་འཆར》དུ་སྲིད་ཇུས་སྔར་བས་ལེགས་སུ་བཏང་ཡོད་ལ་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ཡོད་ཅིང་། དེ་ཡང་རང་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་མཁན་ཐེམ་ཐོ་ཡོད་སར་འགན་བཅོལ་ནང་ཞུགས་དགོས་པ་དང་རང་ལྗོངས་ཀྱི་གནས་སྡོད་ལག་ཁྱེར་ཡོད་པ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་ཐེམ་ཐོ་ལྗོངས་ཕྱི་ནས་ཡིན་པའི་མི་སྣ་གནས་སྡོད་ཁུལ་དུ་འགན་བཅོལ་ནང་ཞུགས་དགོས་པ།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་དང་མཐུན་པའི་མི་སྣ་གཞན་དག་གཏན་འབེབས་ལྟར་འགན་བཅོལ་ནང་ཞུགས་དགོས་པ་བཅས་རེད། ཐོབ་ཐང་ལ་འགན་ལེན་སྔར་བས་ལེགས་པ་བྱས་ཡོད་ཅིང་། མཐོ་རུ་ལས་དམའ་རུ་མི་གཏོང་བའི་རྩ་དོན་ལྟར་གྲོང་ཁྱེར(ས་ཁུལ)བདུན་གྱི་སྨན་བཅོས་འགན་སྲུང་ཐོབ་ཐང་གི་ཧེ་བག་གཅིག་གྱུར་དང་། སྒོ་བསྟེན་སྨན་ཁང་དཀྱུས་མའི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར་100ནས་50བར་དམའ་རུ་བཏང་བ། སྤྱི་འདོམས་ཁྱབ་ཁོངས་ལས་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་བསྡུར་ཚད་10%དམའ་རུ་གཏོང་བའི་སྲིད་ཇུས་མེད་པ་བཟོས་པ། “ཡུན་རིང་འཇལ་ན་རྩིས་ཞུ་ཐེངས་མང་བྱེད་པའི”ལམ་སྲོལ་བཙུགས་པ། འགན་བཅོལ་ནང་ཞུགས་མཁན་གྱིས་བོད་དུ་ལོ་10ཡན་བསྟུད་མར་གྲོན་དངུལ་འཇལ་ཚེ་གྲོན་དངུལ་འཇལ་ཡུན་ཐིམ་པའི་ལོ་དེ་ནས་བཟུང་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོབ་ཐང་རང་གིས་གདམ་པའི་གྲོན་དངུལ་འཇལ་རིམ་གྱི་ཐོབ་ཐང་གི་རྨང་གཞིའི་ཐོག་3%མཐོ་རུ་བཏང་ཡོད་པ་རེད། དོ་དམ་གྱི་འགན་འཁྲི་སྔར་ལས་ཁ་གསལ་བཟོས་ཡོད་ཅིང་། 《ལག་བསྟར་བསམ་འཆར》ནང་སྔོན་རྩིས་ཀྱི་ལས་རྗེས་དོ་དམ་དང་། ལྟ་སྐུལ་ཚོད་འཛིན། གདེང་འཇོག གྲུབ་འབྲས་བཀོལ་སྤྱོད་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལས་དོན་དེ་རིམ་ཁག་སྲིད་གཞུང་གི་ལོ་འཁོར་གྱི་ལས་རྗེས་དཔྱད་ཞིབ་ནང་བཅུག་ནས་ཐེབས་རྩ་དོ་དམ་འཁོར་སྐྱོད་དང་དེའི་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་རྩིས་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐེབས་རྩ་རྒྱུན་མཐུད་ངང་འཁོར་སྐྱོད་བརྟན་པོ་ཐུབ་པའི་འགན་ལེན་བྱ་རྒྱུ་ཁ་གསལ་བཏོན་ཡོད། གཉེར་སྒྲུབ་ཞབས་ཞུ་སྔར་ལས་ལེགས་སུ་བཏང་ཡོད་ཅིང་། བོད་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ཀྱི་ནུས་པར་བརྟེན་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་དང་། ཤང(གྲོང་རྡལ)དང་གྲོང་ཚོའི(གྲོང་ལྷན)འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་བཅོལ་མ་ལག་བཀོད་སྒྲིག་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་འགན་ལེན་གྱི་སྒྲུབ་གཉེར་ཞབས་ཞུའི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སྒྲོལ་ཐུབ་པ་བྱས་པ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཐེབས་རྩར་ལྟ་འདོམས་བྱེད་ནུས་དང་ཆུ་ཚད་མཐོ་རུ་བཏང་ནས་ཐེབས་རྩའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།