དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སྤྱི་ཕན་བྱེད་སྒོ།
  • འོས་འགན་སྨན་བཅོས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • བདེ་ཐང་དབུལ་སྐྱོར་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་ཐང་བོད་ལྗོངས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་གནད་སྨིན་ནད་བཅོས་སྲོག་སྐྱོབ་ཀྱི་ཞབས་ཞུའི་ལས་དོན་སྤེལ་ཏེ་བདེ་ཐང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྔོན་འགོག་ཚོད་འཛིན་མངོན་གསལ། སྨན་བཅོས་འགན་ལེན་ལ་དམ་འཛིན་ཡག་པོ་བཅས་བྱས་པ་དང་སྔོན་རྩིས་བྱས་ན་2020ལོར་སླེབས་སྐབས་གཞི་རིམ་གྱི་འཕྲོད་བསྟེན་དང་འཆར་བཙའི་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མི་འབོར་དབུལ་པོའི་བདེ་ཐང་ལ་གནོད་པའི་རིམས་ནད་ནུས་ལྡན་ངང་སྔོན་འགོག་དང་སྨན་བཅོས་བྱ་རྒྱུ། མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་སྔར་བས་མཐོ་རུ་གཏོང་རྒྱུ་མ་ཟད། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་ཡིན་ཞིང་། འདི་ནི་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཚོས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།