ར་ཤ་ཟ་དུས་ངོ་འཛུམ་འཛུམ།
ར་རིན་བསྡུ་དུས་ངུ་ཤིག་ཤིག
ར་བསད་ལུག་འདར།
ཁྱི་བརྡུངས་ཕག་བྲོས།
རང་རྐུབ་ལ་འཇག་མ་མི་ཐར།
མི་རྐུབ་ལ་བོང་རྒྱུག་ཚད་ཚད།
ར་ལ་ལུག་འགྲེལ།
རྟ་ལ་བོང་བཤད།
ར་ཡི་འཁྲིས་ལ་རླའི།
ལུག་གི་འཁྲིས་ལ་སྦའི།
རང་མགོའི་ཁ་བ་བཞག་ནས།
མི་མགོའི་བ་མོ་བཤད།
རང་སྐྱོན་འབྲོང་ལྤཌ་ལ་ཁབ་རྩེ་མི་ཟུག
གཞན་སྐྱོན་རྟ་རྔ་ཙམ་ནམ་མཁར་འཕྱར།
རང་ཁ་སྦར་མོས་ཁེབས་ཀྱང་།
མི་ཁ་གནམ་གྱིས་མི་ཁེབས།
རང་ཁ་གསེར་གྱི་སྒོ་མོ་ནས།
རང་སྲོག་གཅོད་པའི་སྟ་རེ་བུད།
རང་ཁྲལ་མི་ཐེག་པའི་མི་ཁྲལ།
མར་ཁྲལ་མི་ཐེག་པའི་ཚྭ་ཁྲལ།
རང་ཞྭ་མི་ཐེག་པའི་མི་རྨོག
རང་གི་ལུས་ལ་དཔེ་བླངས་ནས།
གཞན་ལ་གནོད་པ་མ་བྱེད་ཅིག
རང་གིས་བཙོས་པའི་ཆང་དེ།
ཞིམ་པོ་མེད་ཀྱང་འཐུང་དགོས།
རང་གིས་མྱངས་མྱོང་ན།
མི་ལ་ཤོད་པ་མཁས།
རང་གིས་རང་ལ་ཡིད་མ་ཆེས།
ཀ་བ་ལྡན་པ་ཀྱོག་ཀྱོག་རེད།
རང་དགའ་དུས་དགའ་ངོམ་མ་རྒྱག
ཡག་པོ་མི་ལ་ཡང་ཡོང་།
གཞན་སྡུག་དུས་སྙིང་ཚིམ་མ་རྒྱག
སྡུག་པོ་རང་ལ་ཡང་ཡོང་།
ར་སུག་ལུག་ལ་སྦྱར།
རང་སྐལ་རྡོ་ཡིན་ཀྱང་མུར།
རང་མགོ་སྦར་མོས་མ་འཐུམས་པར།
མི་མགོ་དར་གྱིས་གཏུམ་རྒྱུ་ཕར་ཚད།