དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་མའི་རིག་རྩལ།
  • རྟེན་འབྲེལ་སྒྲིག་པས་རི་མོའི་ལས་དང་འབྲེལ།

    རི་མོ་འབྲི་རྒྱུར་དགའ་བའི་བུ་མོ་བསྟན་འཛིན་དབང་སྒྲོན་གྱི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ལོ་ཆུང་བྱིས་པ་ནི་མི་རིགས་ཀྱི་མ་འོངས་པ་དང་མེས་རྒྱལ་གྱི་འབྱུང་འགྱུར་རེད། ལོ་ཆུང་བྱིས་པ་གསོ་སྐྱོང་བྱེད་པའི་ཐད་ལ་མཐོང་ཆེན་བྱ་རྒྱུ་ནི་ཕ་མའི་འགན་འཁྲི་ཙམ་མ་ཡིན་པར་སྤྱི་ཚོགས་ཡོངས་ཀྱི་ལས་འགན་ཞིག་ཀྱང་ཡིན།  བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གཙོ་གཉེར་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བས་རོགས་གཉེར་བྱས་པའི་འཚོག་ལ་ཉེ་བའི་བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཏེ་རི་མོ་དང་བརྩམ་ཆོས་གསར་གཏོད་ཀྱི་འགྲན་བསྡུར་ཞེས་པའི་སྟེགས་བུ་དེས་རང་ལྗོངས་ཀྱི་ལོ་ཆུང་བྱིས་པ་ཚོར་སྒྱུ་རྩལ་རང་ངོམས་བྱེད་པའི་གར་སྟེགས་ཤིག་བསྐྲུན་ཡོད།  གར་སྟེགས་དེས་་ཕྱོགས་གཅིག་ནས་རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་སྒྱུ་རྩལ་གྱི་བསམ་བློར་སྐུལ་ལྕག་ལེགས་པོ་ཐེབས་ཅིང་། ཕྱོགས་གཞན་ཞིག་ནས་སློབ་མའི་སློབ་སྦྱོང་གི་འཁུར་པོ་ཡང་དུ་བཏང་བའི་ནུས་པ་ཐོན་ཡོད།  ད་ཐེངས་ཀྱི་ཚོགས་བཞུགས་འགྲན་མི་བསྟན་འཛིན་དབང་སྒྲོན་ཡང་རང་གི་འགྲན་བཞུགས་བརྩམས་ཆོས་ལ་བྱ་དགའ་ཐོབ་རྒྱུའི་ཡིད་ཆེས་ཀྱིས་ཁེངས་བཞིན་འདུག

        བསྟན་འཛིན་དབང་སྒྲོན་གྱི་འཛུམ་ལས་བདེ་བར་འཚར་བའི་འབྱུང་འགྱུར་མངོན།

        ཆུང་དུས་ནས་ཕྲུ་གུའི་དགའ་ཕྱོགས་ལ་མཐོང་ཆེན་བྱ་རྒྱུ།

        བསྟན་འཛིན་དབང་སྒྲོན་ནི་ད་ལོ་བཅུ་གཉིས་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་ལྔ་པའི་སློབ་མ་ཞིག་ཡིན།  ཁོ་མོ་ཡང་ཕྲུ་གུ་ཆུང་ཆུང་གཞན་དང་འདྲ་བར་དུས་རྒྱུན་ནས་སྒྲུང་དེབ་ལྟ་ཀློག་བྱེད་རྒྱུར་དགའ་པོ་ཡོད། དེས་མ་ཟད་ཁོ་མོར་རང་ཉིད་ཀྱི་དགའ་ཕྱོགས་མང་པོ་ཡོད་དེ་ཁོ་མོའི་རྨོའོ་ལགས་ཀྱིས་གསར་འགོད་པར་བརྗོད་དོན་ཁོ་མོ་མ་བྱན་ཞིག་བྱེད་འདོད་ཡོད་ཅེས་གསུངས་བྱུང་ལ་དུས་རྒྱུན་ཐབ་ཚང་ནང་དུ་ཁོ་མོའི་གཟུགས་བརྙན་མཐོང་ཐུབ་ཅེས་གསུངས་བྱུང་། ཁོ་མོར་ད་དུང་དགའ་ཕྱོགས་གཞན་ཞིག་ཡོད་པ་ནི་ཁོ་མོ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ལ་ཤིན་ཏུ་དགའ་པོ་ཡོད་ཅིང་ཆུང་དུས་ནས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་དག་བོད་ཡིག་ཐོག་ནས་བལྷས་ཚར་ཟིན་ཞིང་། དབྱར་དུས་སུ་ནོར་བུ་གླིང་ཁའི་ནང་དུ་ལྷ་མོའི་འཁྲབ་སྟོན་བལྟ་རྒྱུར་ཤིན་ཏུ་ནས་བརྩི་པོ་ཡོད་ཅེས་བསྟན་འཛིན་དབང་སྒྲོན་གྱི་ཨ་མ་ལགས་ཀྱིས་སྤོབས་སེམས་དང་ལྡན་པའི་ངང་ནས་གསར་འགོད་པར་གསུངས་བྱུང་། ཁོ་མོ་རང་ཉིད་ཀྱིས་ང་རང་རི་མོ་འབྲི་རྒྱུར་དགའ་ཤོས་ཡིན་ཞེས་བརྗོད་པར། གསར་འགོད་པས་ཁྱོད་རང་སྒྱུ་རྩལ་གཞན་ལ་དགའ་ཤོས་མི་བྱེད་དོན་གང་ཡིན་ཞེས་བྲིས་པར་ཁོ་མོས་རི་མོ་འབྲི་སྐབས་རང་ཉིད་ཀྱི་བསམ་བློའི་ནང་དུ་བཀག་རྒྱ་གང་ཡང་མེད་པར་གང་བསམ་གང་བྲིས་བྱེད་ཆོག་ལ་རི་མོ་ཡིས་བསམ་བློའི་འཁུར་པོ་ཡང་དུ་བཏང་གི་འདུག་ཅེས་ལན་བཏབ། ཁོ་མོའི་ཕ་མ་གཉིས་ཀྱིས་ཀྱང་ཕྲུ་གུའི་དགའ་ཕྱོགས་ལ་མཐོང་ཆེན་དང་ཁྱིམ་ཚང་གི་སློབ་གསོའི་བསམ་བློ་ཡང་དག་ཅིག་ཡོད་པར་དགའ་འོས་པ་ཞིག་ཡིན་འདུག

        འདི་ནི་བསྟན་འཛིན་དབང་སྒྲོན་ལ་ཐོབ་པའི་གཟེངས་བསྟོད་ཡིན་པ།

        དགའ་ཕྱོགས་ནི་རང་ཉིད་ཀྱི་དགེ་རྒན་བཟང་ཤོས་ཡིན།

        གལ་ཏེ་ཕྲུ་གུ་ཞིག་ལ་རང་ཉིད་ཀྱི་དགའ་ཕྱོགས་ཡོད་ཚེ་ཕྲུ་གུ་དེར་མི་གཞན་གྱིས་སྐུལ་མ་བཏང་མི་དགོས་རང་འགུལ་ཐོག་ནས་རང་ཉིད་ཀྱི་སློབ་སྦྱོང་དང་ལས་ཀ་གང་རུང་ལེགས་པར་བྱེད་སྲིད་པས་ཕྲུ་གུའི་དགའ་ཕྱོགས་གསོ་སྐྱོང་དང་མཐོང་ཆེན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ནས་ཆེ། བསྟན་འཛིན་དབང་སྒྲོན་གྱི་ཨ་མ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ཁོ་མོའི་དགའ་ཕྱོགས་ལ་ཕ་མས་རྒྱབ་སྐྱོར་བྱས་པས་དུས་རྒྱུན་གྱི་ཁོ་མོའི་འཚོ་བའི་གོམས་གཤིས་ཀྱང་ཧ་ཅང་ལེགས་པོ་ཡོད། ཞོགས་པར་ཁོ་མོ་རང་ཉིད་རང་འགུལ་ངང་ནས་ཡར་ལངས་པ་དང་རང་འགུལ་ངང་ནས་སྦྱོང་ཚན་ལེགས་འགྲུབ་བྱེད་པ། རང་འགུལ་ངང་ནས་ཁྱིམ་ལས་བྱེད་པ་སོགས་ཁོ་མོའི་རང་འགུལ་གྱི་བསམ་བློར་ཕན་ཐོགས་ཆེན་པོ་འདུག ཕྲུ་གུའི་དགའ་ཕྱོགས་གསོ་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་འདུག་ཅེས་གསུངས་བྱུང་། གསར་འགོད་པས་ཁྱོད་ངལ་གསོའི་རིང་གི་གཟའ་སྤེན་པ་དང་གཟའ་ཉི་མར་རི་མོའི་གཟབ་སྦྱོང་འཛིན་གྲྭར་འགྲོ་དགོས་པ་ཕུད་ཁྱིམ་སྦྱོང་ལེགས་འགྲུབ་བྱེད་དགོས་པས་དཀའ་ལས་མི་འདུག་གམ་ཞེས་དྲིས་པས། ཁོ་མོས་ཡིད་ཆེས་དང་ལྡན་ཞིང་འཁོན་དོགས་གང་མེད་པར་དཀའ་ལས་མིན་འདུག་ཅེས་གསར་འགོད་པར་ལན་བཏབ་བྱུང་། ཁོ་མོའི་ལུས་སྟེང་ནས་དགའ་ཕྱོགས་ནི་རང་ཉིད་ཀྱི་དགེ་རྒན་བཟང་ཤོས་དེ་ཡིན་ཟེར་བའི་སྐད་ཆ་དེར་ར་སྤྲོད་གསལ་པོ་བྱུང་སོང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།