དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • མེས་རྒྱལ་ལ་ཕུལ་བའི་བསྟོད་དབྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • སྔར་ནས་ད་བར་དུ་བཀའ་དྲིན་ལ་བསམ་ཤེས་ཀྱིས་དྲིན་ལན་འཇལ་བ་ནི་ཀུན་གྱིས་མངོན་པར་བསྟོད་པའི་ཡ་རབས་སྤྱོད་བཟང་ཞིག་རེད། རྣམ་ཀུན་ང་ཚོའི་རྣ་ལམ་དུ་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་མ་བྱེད་ཅིག་ལྟ་བུའི་བསླབ་བྱ་མང་དུ་ཐོས་མྱོང་ཞིང་། བསླབ་བྱ་དེ་དག་ལས་ང་ཚོས་བཀའ་དྲིན་ལ་བསམ་ཤེས་ཐུབ་པའི་མི་ཞིག་བྱེད་དགོས་པ་རྟོགས་ཡོད།

        མེས་རྒྱལ་ལགས། ཁྱེད་ནི་འཇིག་རྟེན་འདིའི་སྟེང་གི་བཀའ་དྲིན་ཆེ་ཤོས་ཀྱི་མི་བུ་ཞིག་རེད་ཅེས་བརྗོད་ན་མི་འཚམ་པ་གང་ཡང་མེད། ཁྱེད་ཀྱིས་ང་ཚོར་མི་རིགས་སྲིད་ཇུས་ཀྱི་འོད་སྣང་བྱིན། མི་རིགས་འདྲ་མཉམ་གྱི་མེ་ཏོག་བཞད། ཐོན་སྐྱེད་འཕེལ་རྒྱས་ཀྱི་དྲི་བསུང་འཐུལ། རིག་གནས་སླར་གསོ་ཡི་རྐང་དྲུག་ལྡིང་། ཕུན་ཚོགས་སྲིད་འབྱོར་གྱི་པད་ཚལ་རྒྱས། བདེ་སྐྱིད་འཚོ་བའི་ལྗོན་བཟང་སྐྱེས། བཀྲ་ཤིས་གཏམ་བཟང་གི་འཇོལ་མོ་ཡང་ཡང་གྲགས་པའི་སྔར་མེད་ཀྱི་འཚོ་བ་གསར་པ་གནང་། དཀའ་ངལ་མཐའ་དག་གཙང་མར་བསལ་བ་དང་། ལྟོ་གོས་ཟས་གསུམ་ལ་སེམས་ཁྲལ་མེད་པར་གྱུར། ལྷག་དོན་དུ་སྔ་ཕྱི་བར་གསུམ་དུ་ང་ཚོ་མི་དམངས་རྣམས་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ནི་བྲག་ལ་བརྐོས་པའི་རི་མོ་ཇི་བཞིན་རྒྱ་ཆེའི་མང་ཚོགས་ཀྱི་སེམས་དབུས་སུ་གསལ་་ལེར་ངེས་ཡོད། ངས་ཀྱང་སློབ་བུ་ཞིག་གི་ངོས་ནས་མེས་རྒྱལ་མཆོག་ལ་བཀྲ་ཤིས་དར་དཀར་གྱི་མཆོད་པ་འབུལ་ལོ།

        ཨེ་མ། ང་ཡི་མེས་རྒྱལ། འཛམ་གླིང་གི་གྲལ་འགོར་སླེབས་པའི་མ་ཡུམ་མེས་རྒྱལ། སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་པའི་མ་ཡུམ་མེས་རྒྱལ། སྟོབས་འབྱོར་མངའ་ཐང་རྒྱས་པའི་མ་ཡུམ་མེས་རྒྱལ། ཁྱེད་ནི་རྒྱ་ཆེའི་མི་དམངས་ཀྱིས་བསྐྲུན་པའི་གསར་སྐྱེས་ཀྱི་མེ་ཏོག་ལྡུམ་ར་ཞིག་དང་འདྲ་ལ། སློབ་བུ་བདག་ཚོ་ནི་ལྡུམ་རའི་ནང་གི་གསར་དུ་བཞད་པའི་མེ་ཏོག་དང་ཀུན་ནས་མཚུངས་སོ།

        མེས་རྒྱལ་ལགས། མེས་རྒྱལ་ཁྱེད་ཀྱི་མཚན་སྙན་ནི་གུས་པས་ལྕེ་བརྒྱ་སྤྲུལ་ཀྱང་སྨྲ་བརྗོད་ལས་འདས་པ་ཞིག་རེད། དེར་བརྟེན། ཁོ་བོས་ཁྱེད་ཀྱི་བཀའ་དྲིན་སྙིང་རུམ་དུ་བསྒོམ་ནས་ཤེས་བྱའི་ཐང་ཆེན་ཡངས་པོར་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་མ་ཡུམ་མེས་རྒྱལ་ཁྱེད་ཀྱི་དྲིན་ལན་འཇལ་ཐུབ་པ་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།