དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • ནམ་ཡང་ཏང་ལ་བསྟོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • འཆམ་མཐུན་གླུ་རུ་ལེན་པའི་སྤྱི་ཚོགས་ནང་།།

        མི་རྣམས་བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།།

        དྲོ་སྐྱིད་ལྡན་པའི་གཡང་ཁྱིམ་དྲོན་མོ་འདི།།

        བཟང་བཟང་གུང་ཁྲན་ཏང་གི་བཀའ་དྲིན་ཡིན།།

        ཕུན་ཚོགས་མངའ་ཐང་རྒྱས་པའི་ཞིང་ཁམས་འདིར།།

        ལོངས་སྤྱོད་ཀླུ་ལ་འགྲན་པའི་ཕ་ཡུལ་ཆགས།།

        ཞི་མཐུན་ཉི་མ་སྤྲིན་བྲལ་མཁའ་ལས་འཚེར།།

        མ་འོངས་ཕུགས་འདུན་སྙེགས་པའི་གོམ་སྟབས་མྱུར།།

        མང་ཚོགས་མགོན་དུ་བཀུར་བའི་དམ་བཅའ་བརྟན།།

        དམངས་དོན་སེམས་སུ་འཆང་བའི་ཆོད་སེམས་ཀྱིས།།

        དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་བཅད།།

        ལྷག་བསམ་གཙང་མའི་མཇལ་དར་ཏང་ལ་འབུལ།།

        བཟང་པོའི་ལེགས་བྱས་ཏང་གི་བཀའ་དྲིན་ཡིན།།

        བསྟོད་པའི་གླུ་དབྱངས་ནམ་ཡང་ཏང་ལ་གྱེར།།

        བློ་བརྟན་འགྱུར་མེད་ཏང་གི་རྗེས་སུ་འབྲངས།།

        ཏང་གི་བྱ་གཞག་དོན་དུ་འབད་འབུངས་བསྐྱེད།།

        ཉ་ཆུ་བཞིན་གྱི་མཐུན་ལམ་བཟང་པོ་སྐྱོངས།།

        དགེ་བའི་ལས་ལ་རྟག་གུས་བརྩོན་པ་བསྟེན།།

        ཨ་ཕ་ཨ་མའི་སྙིང་གི་གཅེས་ཕྲུག་ཚོ།།

        ལེ་ལོ་སྤངས་ནས་ཕུགས་འདུན་སླད་དུ་འབུངས།།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།