དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • དྲོད་སྙོམ་འཕྲུལ་ཆས་ཀྱི་གློག་གྲོན་ཆུང་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • དྲོད་སྙོམ་འཕྲུལ་ཆས་ནི་ཁྱིམ་ཚང་མང་པོའི་གལ་ཆེའི་གློག་ཆས་ཤིག་ཡིན་ལ། དེའི་ཤུགས་ཚད་ཀྱང་བལྟོས་བཅས་ཀྱིས་ཆེ་བ་ཡོད་པས་གློག་ཟད་གྲོན་མཐོ་པོ་ཡོད།

        དགུན་དུས་དྲོད་སྙོམ་འཕྲུལ་ཆས་ཀྱི་གློག་གྲོན་ཆུང་བྱེད་ཐབས་གང་ཡོད་དམ་ཞེ་ན།

        གཅིག་ནས་དྲོད་སྙོམ་འཕྲུལ་ཆས་ཀྱི་དྲོད་ཚད་སྙོམ་སྒྲིག་བྱེད་སྐབས་ཚ་དྲོད་མཐོ་ཤོས་སམ་ཡང་ན་གྲང་ཤོས་སུ་སྙོམ་སྒྲིག་བྱ་རྒྱུ་མེད། དཔེར་ན་གྲང་རླུང་གློད་སྐབས་ཏུའུ་གྲངས་2ཙམ་ཉུང་བ་བྱས་ཀྱང་གློག་གྲོན་ཆུང་10%ཙམ་བྱེད་ཐུབ་པ་དང་། འཕྲུལ་ཆས་གཙང་བཟོ་བྱེད་སྐབས། ཐལ་རྡུལ་དྭངས་གཙགས་དྲ་མིག་གཙང་མར་ཕྱིས་ནས་དྲ་མིག་མི་འགག་པ་བྱས་ཀྱང་དྲོད་སྙོམ་གྱི་ནུས་པ་ཆེ་བ་ཐོན་གྱི་ཡོད།

        གཉིས་ནས་ཕན་ནུས་ལྡན་པའི་སྒོ་ནས་དྲོད་སྙོམ་འཕྲུལ་ཆས་ཀྱི་དུས་བཀག་ཚོད་འཛིན་ཡོ་བྱད་བེད་སྤྱོད་ཡག་པོ་བཏང་ན་གཉིད་ཁུག་པའམ་ཁང་པའི་ཕྱིར་སྐྱོད་སྐབས་དྲོད་སྙོམ་འཕྲུལ་ཆས་ཀྱི་བསད་སྤར་ཚོད་འཛིན་བྱེད་ཐུབ་པས་དེས་ཀྱང་གློག་གྲོན་ཆུང་བྱེད་ཐུབ་བོ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།