དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ལག་རྩལ་གསོ་སྦྱོང་།
  • རྒྱུད་བཟང་ཕག་ཕྲུག་འདེམས་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུད་པ་བཟང་བའི་རྗེས་གྲབས་ཕག་མོ་བདམས་རྒྱུ་ནི་ཐོན་སྐྱེད་དང་། སྐྱེ་འཕེལ། ཕན་ནུས་བཅས་གོང་མཐོར་གཏོང་ཐུབ་ཁར་ཕག་རྒྱུད་ཀྱི་ཚེ་ཚད་རིང་དུ་གཏོང་བ་དང་ཕག་གསོའི་དུད་ཚང་ངམ་ཕག་གསོ་ར་བའི་དཔལ་འབྱོར་ཕན་ནུས་ཆེ་རུ་གཏོང་རྒྱུའི་ཐད་གལ་འགངས་ཧ་ཅང་ཆེ་བས་གཤམ་གྱི་བྱ་ཐབས་ཁག་དམ་འཛིན་བྱེད་དགོས་སྟེ། །

        1.རྒྱུད་པ་རྩད་གཅོད་པ། སྐྱེ་འཕེལ་ཕག་མོའི་ཕ་རྒྱུད་དང་མ་རྒྱུད་ཀྱི་སྐྱེ་འཕེལ་འབྲས་བུ་རྩད་ཞིབ་བྱས་ཏེ་སྐྱེ་ཐེངས་གཅིག་ལ་ཕག་ཕྲུག་དགུ་ཡན་ཡོད་པ།  ཕག་ཕྲུག་སྐྱེ་མ་ཐག་ལྗིད་ཚད་སྤྱི་རྒྱ་1.2ནས་1.5བར་ཡོད་ཅིང་། ནུ་ཏོག་མང་ལ་གྲལ་སྒྲིག་ཞིང་གཟུགས་དབྱིབས་ལེགས་པ་བཅས་ཀྱི་ཕག་ཕྲུག་སྐྱེ་འཕེལ་ཕག་མོར་ཉར་དགོས།

        2.འདེམས་སྒྲུག་རྒྱག་པ།  ཕག་ཕྲུག་སྐྱེས་ནས་ཉིན་28དམ་ཡང་ན་ཉིན་35ཕྱིན་རྗེས་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་7.5ཡན་ཡོད་པ་དེ་དག་འདེམས་སྒྲུག་རགས་ཙམ་རྒྱག་དགོས་ཏེ་ཕན་ཡོད་ཀྱི་ནུ་ཏོག་ཆ་དྲུག་ཡན་ཡོད་ཁར་ལྟེ་བ་ཡན་ཆད་ལ་ནུ་ཏོག་ཉུང་མཐར་ཆ་གསུམ་ཡོད། ནུ་མིག་མེད་པ་དང་ཕན་མེད་ཀྱི་ནུ་མ་ཆུང་ཙག་མེད་པ།སུག་ལག་བཞི་པོ་ཅུང་རིང་ལ་ཐང་ཤ་དོད་པོ། བྲང་ཁོག་སྟོད་ཞེང་ཆེ་ལ་དཔྱི་མགོ་རྒྱས་པ་བཅས་འདེམས་དགོས། དེ་བཞིན་ཕག་ཕྲུག་སྐྱེས་ནས་ཉིན་70ཙམ་སོང་རྗེས་ཕག་ཕྲུག་གི་གཟུགས་དབྱིབས་དང་སྤུ་ཁ་གཤང་ལ་འཇམ་པ།  སྒལ་ཚིག་སྙོམས་ལ་དྲང་བ། སུག་ལག་རིང་བ་བཅས་འདེམས་དགོས། ཕག་ཕྲུག་སྐྱེས་ནས་ཟླ་བ་ལྔ་ཙམ་སོང་རྗེས་གོང་གི་འདེམས་སྒྲུག་རྒྱག་སྟངས་ཀྱི་རྨང་གཞིའི་ཐོག་ཡང་བསྐྱར་འདེམས་སྒྲུག་ཐེངས་གཅིག་རྒྱག་དགོས་པ་སྟེ་སྤྱིར་བཏང་རེ་བར་འཚར་སྐྱེས་རྒྱུན་ལྡན་ཡིན་པ་དང་ཤ་ཤེད་སྐམ་པོ་མིན་ལ་རྒྱགས་པ་ཡང་མིན་པ། འདོད་ཆགས་འཕེལ་རིམ་དང་གཟུགས་པོའི་འཚར་ལོངས་དོ་སྙོམས་པ། དུས་ཐོག་ཏུ་རྩ་ལངས་ནས་ཕ་སྦྱོར་བྱེད་ཐུབ་པ་བཅས་འདེམས་དགོས།

        3.ནད་རྟགས་ཁ་ཤས་ལ་གཞིགས་ནས་འདེམས་སྒྲུག་རྒྱག་པ།

        དཔེར་ན། ཕག་ཕྲུག་སྐྱེས་ཐེངས་དང་པོ་ཡིན་པའི་ཕག་མོར་ནད་དུག་ཕྲ་མོའི་ནད་ཡོད་སྐབས་སྐྱེས་པའི་ཕག་ཕྲུག་ནང་ཤི་རོ་ཡོད་ན་རྗེས་གྲབས་ཕག་མོར་ཉར་འཇོག་བྱེད་མི་ཉན། དབུགས་བསག་ནད་རྟགས་དང་སྐྱེ་འཚར་དང་དབུགས་འབྱིན་རྔུབ་ཀྱི་ཕྱོགས་བསྡུས་ནད་རྟགས་སོགས་ཕོག་མྱོང་བའི་ཕག་མོར་ཕག་ཕྲུག་སྐྱེ་པ་ཡིན་ན་དེ་དག་རྗེས་གྲབས་ཕག་མོར་ཉར་རྒྱུ་མེད། དེ་མིན་སྐྱེ་ཐེངས་དང་པོའི་ཕག་མོ་དང་ན་རྒས་ཕག་མོའི་ཕག་ཕྲུག་གྲས་རྣམས་རྗེས་གྲབས་ཕག་མོར་ཉར་མི་ཉན་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།