དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཚན་རྩལ་བློ་འདྲི།
  • ས་འོག་རླངས་འཁོར་འཇོག་སར་མེ་སྐྱོན་ཐོན་སྐབས་གང་འདྲ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ཤེས་བྱའི་ནང་དོན་གཙོ་བོ།

        1.རླངས་འཁོར་འཇོག་སའི་ནང་བཞག་པའི་རླངས་འཁོར་ལ་མེ་སྐྱོན་ཐོན་ཚེ། མེ་འབར་མགྱོགས་པ་དང་དུ་བ་མང་པོ་འཕྱུར་ནས་འབར་གས་ཀྱི་ཉེན་ཁ་ཆེན་པོ་ཡོད། གལ་སྲིད་མེ་ཤོར་ཚེ་གྱོང་གུན་ཆེན་པོ་ཕོག་སྲིད།

        2.ས་འོག་རླངས་འཁོར་འཇོག་ས་དེ་མཛོད་ཁང་དང་མདོང་ལམ་སྣ་ཚོགས་དང་འབྲེལ་ཡོད་པས་མེ་སྐྱོན་གྱི་ཉེན་ཁ་ཆེན་པོ་ཡོད།

        3.ས་འོག་རླངས་འཁོར་འཇོག་སར་མེ་ཤོར་ཚེ། དུ་བ་འགྲོ་མི་ཐུབ་པ་དང་མི་སྣ་ཁ་འགྲེམ་བྱེད་ཁག་པོ་ཡོད། ས་འོག་རླངས་འཁོར་འཇོག་ས་ཁག་གཅིག་གི་དོ་དམ་ཚད་ལྡན་མེད་པར་བརྟེན་མེ་གསོད་པ་དང་མི་བྲོས་ལམ་བུ་སྟབས་བདེ་པོ་མེད།

        མེ་ཟོན་གྱི་དྲན་སྐུལ།

        རླངས་འཁོར་འཇོག་སའི་གནས་ཚུལ་རྒྱུས་མངའ་ཡོད་དགོས་པ་དང་ས་འོག་རླངས་འཁོར་འཇོག་སར་བསྐྱོད་སྐབས་བདེ་འཇགས་ཐོན་སྒོ་གང་དུ་ཡོད་མེད་ཤེས་དགོས་པ།

        ས་འོག་རླངས་འཁོར་འཇོག་སར་མེ་སྐྱོན་ཐོན་སྐབས་རང་ཉིད་དང་ཐག་ཉེ་ཤོས་ཀྱི་བདེ་འཇགས་ཐོན་སྒོ་ནས་དོན་ཏེ་ཉེན་ཁ་མེད་སར་བསྐྱོད་དགོས་པ་དང་ལྟ་རུབ་རྒྱག་མི་རུང་ལ། རང་ཉིད་ཀྱི་རླངས་འཁོར་བཙལ་ནས་བྲོས་རྒྱུའི་བསམ་བློ་གཏོང་མི་རུང་།

        བྲོས་སྐབས་གློག་སྐས་ནང་དེ་བས་སྡོད་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།