དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཚན་རྩལ་བློ་འདྲི།
  • ཚན་རིག་དང་ལྡན་པའི་ཞོག་ཁོག་འདེབས་པའི་ལག་རྩལ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • སོན་བཟང་འདེམ་པ།

        ས་བོན་བཟང་པོ་འདེམ་པ་ནི་ཞོག་ཁོག་གི་ཐོན་ཚད་ཇེ་མཐོར་གཏོང་བའི་གནད་དམ་པ་ཡིན།

        ཞིང་ས་བདམས་ནས་ས་ཐང་སྙོམ་པ།

        ཞོག་ཁོག་ནི་ས་ཞིང་གཅིག་གི་སྟེང་ལ་བསྟུད་མར་བཏབ་ན་མི་བཟང་བའི་སྐྱེ་དངོས་ཤིག་ཡིན། ཞོག་ཁོག་འདེབས་ས་དེ་ལོ་གསུམ་གྱི་ནང་དུ་ཞོག་ཁོག་མ་བཏབ་པའི་ཞིང་སར་བརྗེ་དགོས། ཞོག་ཁོག་བསྟུད་མར་བཏབ་ན་ཐོན་འབྲས་མི་བཟང་བས་ཐོན་སྐྱེད་ཀྱི་ཕྱོགས་ནས་བསྟུད་མར་འདེབས་མི་རུང་། གལ་ཏེ་ས་ཞིང་གཅིག་གི་སྟེང་ལ་བསྟུད་མར་ཞོག་ཁོག་བཏབ་ན། སྔོ་སྐམ་སྲིན་ནད་སོགས་ནད་སྐྱོན་ཚབས་ཆེན་འབྱུང་བར་མ་ཟད། ས་བཅུད་ཤོར་བ་དང་། ལྷག་པར་དུ་ཚད་ཉུང་མ་རྒྱུ་ལ་ལས་ཞོག་ཁོག་གི་སྐྱེ་འཕེལ་མི་བཟང་བ་དང་གཞུང་རྟ་མི་རྒྱས་ལ། ཐོན་ཚད་དམའ་བ། རྒྱུ་བ་མི་བཟང་བ་བཅས་བཟོ། དེ་བས་ཞོག་ཁོག་དང་གྲོ། ལོག་དཀར་སོགས་གསོར་འདེབས་བྱས་ན་ཐོན་ཚད་འཕར་འབྲས་ཅུང་བཟང་བ་ཡོད།

        ཞོག་ཁོག་གཞུང་རྩད་རྒྱས་པར་ས་རྒྱུ་སོབ་ཏོ་མཁོ་བ་ཡིན། དེ་བས་ཞོག་ཁོག་དེ་ས་བདེ་བ་དང་ཆུ་གཏོང་བའི་ཆ་རྐྱེན་ཡོད་པ། ཆུ་འབུད་སླ་བ། འདེབས་སའི་ས་མཐུག་པ། ས་སོབ་པ་བཅས་ཀྱི་བྱེ་ས་བདམས་ན་རབ་ཡིན། སྟོན་བསྡུས་རྗེས་ས་ཞིང་ལ་ལོག་རྒྱག་པ་དང་ཤལ་བརྒྱབ་རྗེས་ཆོད་མ་ལས་དགོས། ཆོད་མའི་ཆེ་ཆུང་དང་མཐོ་དམའ་དེ་ས་དབྱིབས་དང་ཞིང་སའི་རླན་ས་ལ་བལྟས་ནས་ཐག་གཅོད་དགོས། ས་མཐོ་ཞིང་ཆུ་འབུད་སླ་སར་ཆོད་མ་ཆེན་པོ་ལས་པ་དང་། ས་དམའ་ཞིང་ཆུ་འབུད་དཀའ་སར་ཆོད་མ་ཆུང་ཆུང་ངམ་ཆོད་མ་ཆེན་པོ་ལས་དགོས།

        རྨང་ལུད་འདང་ངེས་འཇོག་པ།

        ཞོག་ཁོག་སྐྱེས་པའི་དུས་ཡུན་ཁྲོད་གཞུང་རྟ་དང་ལོ་མ། གཞུང་རྩད་མང་པོ་རྒྱས་པ་ཡིན་པས་ས་བཅུད་མང་པོ་མཁོ་བ་ཡིན། ལུད་རྫས་ཀྱི་རྒྱུ་རྐྱེན་གཙོ་བོ་གསུམ་གྱི་ཁྲོད་དུ་ཅཱ་ཡི་མཁོ་ཚད་ཆེས་ཆེ་བ་དང་། དེའི་འཕྲོར་ཏཱན་དང་། ལིན་ཆེས་ཉུང་བ་ཡིན། རྨང་ལུད་འདང་ངེས་ཤིག་བཞག་ན་ཞོག་ཁོག་གི་ཐོན་ཚད་འཕར་བར་ནུས་པ་གལ་ཆེན་པོ་ཐོན། ཞོག་ཁོག་རྨང་ལུད་ཀྱིས་སྤྱི་ལུད་མཁོ་ཚད་ཀྱི3/5ལམ2/3ཟིན། རྨང་ལུད་ལ་རུལ་ལུད་དང་ཟོག་ལུད་སོགས་སྐྱེ་ལྡན་ལུད་རྫས་གཙོ་བོ་ཡིན་ཞིང་ལིན་དང་ཅཱ་ལུད་ཟུང་དུ་སྦྲེལ་དགོས། སྤྱིར་བཏང་དུ་མུའུ་རེར་སྐྱེ་ལྡན་ལུད་རྫས་སྤྱི་རྒྱ1000-1500དང་ཀའོ་ལིན་སོན་ཀལ(过磷酸钙)སྤྱི་རྒྱ15-25ཐལ་སྐྱ་སྤྱི་རྒྱ100-150བཅས་འཇོག་དགོས་ཤིང་། སོལ་ཐལ་མི་རུང་། རྨང་ལུད་དེ་ཆོད་མ་ལས་པ་དང་ཟུང་དུ་སྦྲེལ་ནས་ས་རིམ10cmཡི་གཏིང་ལ་བཞག་ན། གཞུང་རྟའི་བསྡུ་ལེན་དང་ཡོང་རྡོག་ཐོགས་སའི་རིམ་པའི་ས་སོབ་པར་ཕན། འདེབས་པའི་སྐབས་སུ་ཟོག་ལུད་སླེ་བོ20-30དང་ཏཱན་རྒྱུ་རྫས་ལུད་སྤྱི་རྒྱ5-8བཞག་ནས་འདེབས་འཛུགས་བྱས་ན། མྱུ་གུ་འབུས་པ་མགྱོགས་ཤིང་ཆ་མཉམ་པ་དང་། གཞུང་རྩད་རྒྱས་པར་ཕན།

        ས་བོན་ལས་སྣོན་བྱེད་པ།

        སོན་བཟང་འདེམ་སྤྱོད་བྱེད་པའི་རྨང་གཞིའི་སྟེང་། ཞོག་ཁོག་གི་དབྱིབས་བཟང་བ་དང་། ཞོག་ཁོག་གི་ནང་དུ་ཁྱད་ཆོས་ལྡན་པ། ཕྱི་ཤུན་འཇམ་ཞིང་འོད་འཁྱུག་པ། ལྗིད་ཚད་ལ་སྲང1-2ཀྱི་ཆེ་ཆུང་རན་པ་བཅས་ཀྱི་ཞོག་ཁོག་ནད་མེད་པ་ས་བོན་བྱེད་དགོས། ས་བོན་འདེམ་པའི་སྐབས་སུ་ཕྱི་ཤུན་གས་པ་དང་མགོ་འཇོང་། མྱུག་མིག་ཤི་བ། ནད་ཁྲ་ཡོད་པའམ་ནག་རུལ་དུ་སོང་བ་སོགས་ངེས་པར་དུ་འདོར་དགོས།

        ས་བོན་བཤུར་མ་བཏབ་ན་གཞུང་རྩད་ཕྱི་ནང་གི་དབྱང་རླུང་བརྗེ་བར་སྐུལ་ཞིང་། མྱུ་གུ་སྔ་མོར་་འབུས་མོད། འོན་ཀྱང་ཞོག་ཁོག་བཤུར་བའི་སྐབས་སུ་གཙབ་ཆས་བརྒྱུད་ནས་ནད་འགོ་སླ་ཞིང་། ས་བོན་རུལ་བ་དང་མྱུ་གུ་མེད་པའམ་ཞིང་སའི་ནད་སྣ་ཚོགས་སློང་བར་བྱེད་ལ། ཞོག་ཁོག་གི་ས་བོན་ཇེ་ཞན་དུ་གཏོང་བ་མགྱོགས། བཤུར་བ་ཆེ་ན་ས་བོན་གྱི་ཚད་མང་། སྤྱིར་བཏང་དུ་ཁེ20-30ཡིན་ན་བཟང་། བཤུར་བའི་སྐབས་སུ་གཞུང་བཤུར་བྱས་ན་བཤུར་རྡོག་རེ་རེ་ཚང་མའི་ཐོག་ན་མྱུག་མིག་ཡོད་པའི་དགེ་མཚན་ལྡན། བཤུར་བའི་སྐབས་སུ་ཞོག་ཁོག་ནད་ཅན་འདོར་བ་དང་ནད་འགོག་པའི་ཆེད་དུ་བཤུར་ལ་དུག་སེལ་ནན་མོ་བྱེད་དགོས།

        ཞོག་ཁོག་ཆུང་བ་ཧྲིལ་བོའི་ས་བོན་བཏབ་ན། བཤུར་གྲི་བརྒྱུད་ནས་ནད་འགོ་བ་འགོག་ཐུབ་པར་མ་ཟད། ས་བོན་ཧྲིལ་བོའི་གསོན་ཤུགས་དང་ཐན་པ་འགོག་པ་ཆེ་ལ། བཏབ་རྗེས་མྱུ་གུ་་འབུས་པ་སྔ་ཞིང་མཉམ་པ་དང་། མྱུག་ཁུང་ནས་བུད་པའི་མྱུག་གྲངས་དང་གཞུང་རྟའི་གྲངས། གཞུང་རྩད་ཀྱི་གྲངས་བཅས་ཇེ་མང་དུ་འགྲོ་བ་ཡིན། དེ་བས་ཁེ25ཡས་མས་ཀྱི་ཞོག་ཁོག་ཆུང་བ་ཧྲིལ་བོ་བཏབ་ན་ནད་འགོག་ཐོན་འཕར་གྱི་ཕན་ནུས་མངོན་གསལ་ཡོད། ཡིན་ནའང་ཞོག་ཁོག་ཆུང་བ་སྤྱིར་བཏང་དུ་སྐྱེས་ཡུན་ཐུང་བ་དང་མགོ་ཚོས་ཚད་དམའ་བར་མ་ཟད། གཞུག་ནས་སྔ་སྐམ་དུ་འགྱུར་བའི་སྣང་ཚུལ་རྒྱུན་དུ་འབྱུང་། འདེབས་གསོའི་ཕྱོགས་ནས་མཐུག་ཚད་རན་པ་དང་མྱུ་གུ་སྐྱེ་སྐུལ་ལེགས་པོ་བྱེད་པ། ཅཱ་ལུད་ཇེ་མང་དུ་འཇོག་པ། འོས་མཐུན་གྱི་ཏཱན་ལིན་ལུད་རྫས་ཀྱིས་རོགས་འདེགས་བྱེད་པ་བཅས་ཁོང་དུ་ཆུད་ན་ད་གཟོད་ཞོག་ཁོག་ཆུང་བ་ས་བོན་བྱེད་པའི་ཐོན་སྐྱེད་ཀྱི་ནུས་ཤུགས་འདོན་སྤེལ་བྱེད་ཐུབ།

        ཞོག་ཁོག་འདེབས་པའི་ཆུ་ཚོད་གཏན་ལ་འབེབས་པའི་ཆ་རྐྱེན་གཙོ་བོ་ནི་སྐྱེ་འཕེལ་དུས་ཡུན་གྱི་དྲོད་གྲང་ཡིན། རྩ་བའི་ཐོག་ནས་བཤད་ན་ཞོག་ཁོག་གི་གཞུང་རྩད་ཐོགས་པའི་དུས་ཚོད་དེ་ཉིན་རེའི་ཆ་སྙོམས་དྲོད་ཚད15-25℃ཡིན་པའི་ཆ་རྐྱེན་ལ་བརྟེན་པ་རེད། གཞུང་རྩད་དེ་རྒྱུན་མཐུད་ནས་སྐྱེ་བའི་དུས་ཡུན་ཇི་ལྟར་རིང་ན་སྤྱིའི་ཐོན་ཚད་ཀྱང་དེ་ལྟར་མཐོ། སྤྱིར་བཏང་དུ་ལོ་རེའི་དྲོད་འབེབ་ཚད་དང་རང་སའི་དྲོད་ཚད་ལྟར་ཧོར་ཟླ3པའི་ཟླ་དཀྱིལ་ནས་ཧོར་ཟླ4པའི་ཟླ་མགོའི་བར་བཏབ་ན་ཚད་དང་རན་པ་ཡིན།

        མཐུག་ཚད་རན་པོ་དགོས་པ།

        ཞོག་ཁོག་གི་ཐོན་ཚད་ཀྱི་རྒྱ་རྐྱེན་ནི་རྩིས་གཞི་རྒྱ་ཁྱོན་གྱི་རྐང་གྲངས་དང་གཞུང་རྐང་རྐྱང་མའི་ཐོན་ཚད་བསྒྱུར་བའི་བསྡོམས་ལས་གྲུབ་པ་ཡིན། གཞུང་རྐང་རྐྱང་མའི་ཐོན་ཚད་ནི་གཞུང་རྐང་རྐྱང་མའི་ཞོག་ཁོག་ཐོན་གྲངས་དང་ཞོག་ཁོག་གི་་ལྗིད་ཚད་ལས་གཏན་ལ་ཕན་ཡོད། དེ་ལྟ་ནའང་སྤྱི་བྱིངས་ཀྱི་ཐོན་འབབ་དང་གཞུང་རྟ་རྐང་རྐྱང་མའི་ཐོན་འབབ་འགལ་བ་ཡིན། རྩིས་གཞིའི་རྒྱ་ཁྱོན་གྱི་རྐང་གྲངས་ཇེ་མང་དུ་འགྲོ་བའི་སྐབས་སུ་གཞུང་རྐང་རྐྱང་མའི་ཐོན་ཚད་དེར་མཐུན་གྱིས་ཇེ་དམའ་རུ་འགྲོ་བ་དང་། དེ་ཚང་མར་ས་བོན་གྱི་མཐུག་ཚད་ལྟར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ངེས་ཅན་ཞིག་ལྡན། མཐུག་ཚད་ཇེ་སྟུག་ཏུ་བཏང་བ་དང་བསྟུན་ཐོན་ཚད་ཇེ་མཐོར་འགྲོ་བ་དང་། གཞུང་རྐང་རྐྱང་མའི་ཐོན་ཚད་དེ་མཐུག་ཚད་ཇེ་སྟུག་ཏུ་བཏང་བ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བ་རེད། དེ་བས་མཐུག་ཚད་གཏན་ལ་འབེབས་པའི་སྐབས་སུ་སྤྱི་བྱིངས་ཀྱི་ཐོན་ཚད་དང་རྐྱང་མའི་ཐོན་ཚད་གཉིས་ཀྱི་འགལ་བའི་རྒྱུ་རྐྱེན་དེ་མཐུན་སྦྱོར་གཅིག་མཐུན་ཡོང་བ་ངེས་པར་དུ་བསམ་བློ་གཏོང་དགོས། གལ་ཏེ་མཐུག་ཚད་སྲབ་པའི་སྐབས་སུ་གཞུང་རྟ་རྐང་རྐྱང་མའི་སྐྱེ་འཕེལ་བཟང་ཞིང་ཐོན་ཚད་མཐོ་ནའང་། རྩིས་གཞི་རྒྱ་ཁྱོན་ནང་གི་སྤྱིའི་རྐང་གྲངས་ཉུང་བས་ཞོག་ཁོག་ཅུང་ཉུང་ཞིང་ཐོན་ཚད་ཉུང་། གལ་ཏེ་མཐུག་ཚད་སྟུག་ན་གཞུང་རྐང་སྤྱི་གྲངས་མང་ནའང་ཞོག་ཁོག་རྐྱང་མའི་ལྗིད་ཚད་ཧ་ཅང་དམའ་བས་ཐོན་ཚད་སྔར་བཞིན་ཉུང་། དེ་བས་མཐུག་ཚད་རན་པ་རྩིས་གཞིའི་རྒྱ་ཁྱོན་ནང་དུ་སྤྱི་བྱིངས་ཀྱི་སྒྲིག་གཞི་འོས་འཚམ་ཞིག་བཀོད་པ་སྟེ། གཞུང་རྐང་རྐྱང་མའི་སྐྱེ་འཕེལ་བཟང་བ་དང་། སྤྱི་བྱིངས་ཀྱི་ཐོན་འབབ་ནུས་པའང་འདོན་ཐུབ་པར་བྱས་ཏེ། འོད་ནུས་དང་ས་ནུས་བླ་ལྷག་གིས་བེད་སྤྱོད་པ་ལ་བརྟེན་ནས་ཐོན་ཚད་མཐོན་པོ་ལེན་དགོས། སྤྱི་བྱིངས་དང་གཞུང་རྐང་རྐྱང་མ་གཉིས་མཐུན་སྦྱོར་ངང་འཕེལ་བར་བསམ་བློ་གཏོང་བ་དང་། ཞོག་ཁོག་འདེབས་འཛུགས་ཀྱི་སྤྱིར་བཏང་བའི་ཆུ་ཚད་གཞིར་བཟུང་ན། མུའུ་རེའི་གཞུང་རྐང6000ཡས་མས་འདེབས་དགོས་པ་དང་གཞུང་རྐང་རེར་ཡན་ལག2-3བཞག་ན་ཚད་དང་རན་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།