དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • རྐང་ལག་ཁ་གསུམ་ནད་འགོ་བའི་དུས་ལ་སླེབས་འདུག དོ་སྣང་གནང་རོགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-05-30
      • ལོ་ལྟར་གྱི་ཟླ་ལྔ་པ་ནི་རྐང་ལག་ཁ་གསུམ་ནད(手足口病)འགོ་བའི་དུས་ཤིག་རེད། ནད་ཡམས་ཚོད་འཛིན་གྱི་རིགས་གཅིག་མཁས་པས། རིམས་འགོག་སྨན་ཁབ་བརྒྱབ་ཚེ། རྐང་ལག་ཁ་གསུམ་ནད་ཚབས་ཆེན་མ་ཕོག་པར་བརྟེན་འཆི་བའི་གནས་ཚུལ་ཉུང་དུ་འགྲོ་སྲིད་པས། སྔོན་འགོག་ཁབ་རྒྱག་པ་ནི་རྐང་ལག་ཁ་གསུམ་ནད་སྔོན་འགོག་གི་བྱེད་ཐབས་ནུས་ལྡན་ཞིག་རེད་ཅེས་བརྗོད་འདུག

        ཀན་སུའུ་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་སུའོ་ཡི་སུའོ་ཀྲང་ཀྲང་ཞའོ་ཧྲུའུ་ཡིས། ཟླ་5པ་ནས་ཟླ་7པ་བར་ནི་རྐང་ལག་ཁ་གསུམ་ནད་འགོ་བའི་དུས་ཡིན་པ་དང་། ནད་རྟགས་གཙོ་བོ་ནི་རྐང་ལག་དང་། དཔྱི་མགོ ཁ་བཅས་སུ་ཐོར་པ་དོན་གྱི་ཡོད། ནད་འདི་འགོག་པའི་དམིགས་བསལ་ཕན་ནུས་ཡོད་པའི་སྨན་མེད་པས། རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རྐང་ལག་ཁ་གསུམ་ནད་འགོག་པའི་ཆེས་ནུས་ལྡན་གྱི་བྱེད་ཐབས་ཤིག་རེད་ཅེས་ངོ་སྤྲོད་བྱས།

        ཀྲང་ཞའོ་ཧྲུའུ་ཡིས། མིག་སྔར་རང་རྒྱལ་གྱི་ཁྲོམ་རརEV71ཁོ་ནར་དམིགས་པའི་རིམས་འགོག་སྨན་ཁབ་རྐྱང་པ་ཞིག་ལས་མེད་ཅིང་། 2016ལོ་ནས་བཟུང་རིམ་གྱིས་ཁྲོམ་རར་བཏོན་རྗེས་EV71ཡིས་རྐང་ལག་ཁ་གསུམ་ནད་ལ་སྔོན་འགོག་ཐུབ་ཀྱི་ཡོད། རིམས་འགོག་སྨན་ཁབ་དེས་རྐང་ལག་ཁ་གསུམ་ནད་ཚང་མར་སྔོན་འགོག་ཐུབ་ཀྱི་མེད་ནའང་། རྐང་ལག་ཁ་གསུམ་ནད་ཚབས་ཆེན་ཕོག་མཁན་དང་དེའི་དབང་གིས་འཆི་བའི་གནས་ཚུལ་ཉུང་དུ་གཏོང་ཐུབ་ཀྱི་ཡོད། EV71ཡི་རིམས་འགོག་སྨན་ཁབ་དེ་ཟླ་བ་6ནས་ལོ་ལྔ་བར་གྱི་བྱིས་པར་བརྒྱབ་ན་འཚམ་པ་དང་ད་དུང་དུས་ཚོད་དེ་བས་སྔ་ཙམ་བརྒྱབ་ན་དེ་ཙམ་གྱིས་ཡག་པ་ཡོད་ཅེས་བརྗོད་འདུག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།