དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • ཆུ་ཚན་རྒྱག་སྐབས་དོ་སྣང་བྱེད་དགོས་པ་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ད་ལྟའི་དུས་སུ་མི་མང་པོ་ཞིག་ཆུ་ཚན་རྒྱག་པར་སོང་ནས་ལུས་གསོ་ནད་བཅོས་བྱེད་ཀྱི་ཡོད། ཡིན་ནའང་ཆུ་ཚན་རྒྱག་སྐབས་ཡིད་གཟབ་མ་བྱས་ན། ཐོག་མའི་བསམ་འདུན་ལས་ལྡོག་པའི་གནས་ཚུལ་ཐོན་སྲིད། དེས་ན་གཤམ་གྱི་དོན་ཚན་ཁག་ལ་དོ་སྣང་བྱེད་དགོས།

        ཆུ་ཚན་རྒྱག་སྐབས་རང་སོ་སོའི་གཟུགས་པོའི་གནས་ཚུལ་དང་ནད་གཞི་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཉིན་གྲངས་5ནས་21བར་རྒྱག་དགོས།

        ཆུ་ཚན་ལ་ཞུགས་ནས་ཉིན་གཉིས་ཡན་སོང་རུང་ད་དུང་མགོ་ན་བ་དང་མགོ་ཡུར་འཁོར་བ། སྙིང་འཕར་ཚད་མགྱོགས་པ། སེམས་ལ་དངངས་སྐྲག་ལངས་པ། དེ་མིན་ལུས་པོ་ལྕི་པོ་སོགས་ཀྱི་སྣང་ཚུལ་ཐོན་ཚེ་ཆུ་ཚན་རྒྱག་མཚམས་འཇོག་དགོས།

        ཆུ་ཚན་རྒྱག་སྐབས་ངེས་པར་དུ་རོགས་པ་ཞིག་འཁྲིད་དགོས། གལ་སྲིད་ཆུ་ཚན་རྒྱག་པའི་སྐབས་གློ་བུར་དུ་ལུས་པོ་མི་བདེ་བའམ་ཡང་ན་ནད་གཞི་ཇེ་སྡུག་ཏུ་སོང་ཚེ་རོགས་པས་ཕན་ཐོགས་སྲིད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།