དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • སྐྲན་ནད་ཕོག་སླ་བའི་གོམས་གཤིས་ལྔ་པོ་འདི་དག་ཁྱེད་ཀྱིས་ཤེས་སམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-05-30
      • ཁྱེད་རང་ཉིན་རེའི་ལས་ཀ་ཚར་རྗེས་ལུས་སྦྱོང་བྱེད་པར་འགྲོ་བའི་བསམ་བློ་ཡོད་ཀྱང་ཁྱིམ་དུ་འབྱོར་རྗེས་རྐུབ་བཀྱག་སྟེང་དུ་བསྡད་དེ་སྐད་འཕྲིན་ནམ་ཁྱུག་དབྱིངས་ལ་མགོ་འཁོར་ནས་དུས་ཚོད་མང་པོ་འཕྲོ་བརླག་འགྲོ་གི་ཡོད།

        གཞན་ཡང་། ཁྱེད་ཀྱིས་ཉིན་ལྟར་རིན་གོང་མཐོ་ཤོས་ཀྱི་གདོང་གསོས་སྦྱར་ནས་ངོ་གདོང་དཀར་པོར་འགྱུར་ཐབས་བྱེད་ཀྱི་ཡོད་ཀྱང་མཚན་མོ་གཉིད་མ་ཁུག་པར་ལྟད་མོར་མགོ་འཁོར་ནས་སྡོད་པ་ན་ལུས་པོར་གནོད་འཚེ་དེ་བས་ཆེ་བ་བཟོ་གི་ཡོད།

        གལ་ཏེ་རྟག་ཏུ་ཁྱེད་ཀྱིས་གཟུགས་པོར་བདག་གཅེས་མ་བྱས་ན་ནམ་ཞིག་འགྱོད་པ་སྐྱེ་སྐབས་གཞི་ནས་ཕྱི་དྲགས་པ་རེད།

        གཤམ་ལ་ང་ཚོ་མཉམ་དུ་རིགས་གཅིག་མཁས་ཅན་གྱིས་བཤད་པའི་སྐྲན་ནད་ཕོག་སླ་བའི་གོམས་གཤིས་གང་དག་ཡོད་མེད་ལ་གཟིགས་ནས་ཕན་ཐོགས་གང་དག་ཡོད་མེད་ལ་རྒྱུད་མངའ་ཞིག་བྱེད་དོ།

        དང་པོ། ཡུན་རིང་ཙོག་པུར་སྡོད་པ་དང་ལུས་སྦྱོང་ལ་མི་དགའ་མཁན།

        མི་མང་པོ་ཞིག་གིས་གཞུང་ལས་ཁང་དུ་ཉིན་གང་ལས་ཀ་བྱས་ནས་སྡོད་པ་དང་། ནང་དུ་ལོག་རྗེས་གདན་ལ་འཁོད་ནས་འགུལ་སྐྱོད་གཏན་ནས་བྱེད་ཀྱི་མེད། དོན་དུ་དེ་རིགས་ནི་སྐྲན་ནད་ཕོག་སླ་བའི་གོམས་གཤིས་ཀྱི་གྲས་ཤིག་རེད། གང་ཡིན་ཞེ་ན། ཡུན་རིང་ཙོག་བུར་བསྡད་ནས་འགུལ་སྐྱོད་མ་བྱས་ན་ལུས་པོའི་རིམས་འགོག་ནུས་པ་ཆུང་དུ་ཕྱིན་ནས་རྒྱུ་སྐྲན་དང་ཕོ་སྐྲན་སོགས་ཕོག་སླ་རུ་འགྲོ་གི་ཡོད། 

        གཉིས་པ། ཐ་མག་འཐེན་པ་དང་སྐྱུར་དད་ཆེ་བ།

        ཐ་མག་འཐེན་དྲགས་པ་དང་ཆང་རག་བཏུངས་དྲགས་ན་སྐྲན་ནད་ཕོག་སླ་པོ་ཡོད། གློ་བའི་སྐྲན་ནད་80%ཙམ་ནི་ཐ་མག་འཐེན་དྲགས་པའམ་ཡང་ན་ཐ་མག་གི་དུ་བ་བརྔུབས་པའི་རྐྱེན་ལས་བྱུང་བ་དང་། ཡུན་རིང་ཆང་རག་བཏུངས་དྲགས་ན་མཆིན་པར་གནོན་ཤུགས་སླེབས་ནས་སྐྲན་ནད་རིགས་མང་པོ་དང་ལྷག་པར་དུ་མཆིན་སྐྲན་ཕོག་གི་ཡོད། 

        གསུམ་པ། མཚན་འཁྱོངས་ཡུན་རིང་བྱེད་མཁན།

        དེང་སང་གཞོན་ནུ་མང་པོ་ཞིག་ལས་ཀ་མང་བ་དང་། ཨར་ཁང་དུ་འགྲོ་བ། རྩེད་འཇོར་རོལ་བ་སོགས་ཀྱི་དབང་གིས་མཚན་འཁྱོངས་མང་པོ་བྱས་ནས་སྡོད་ཀྱི་ཡོད། མཚན་འཁྱོངས་བྱས་ན་མིའི་ལུས་པོའི་རིམས་འགོག་ནུས་པར་གཏོར་བཤིག་ཕོག་སླ་བས་སྐྲན་ནད་རིགས་མང་པོ་ཕོག་གི་ཡོད། 

        བཞི་པ། ལྟོ་ཆས་གང་བྱུང་ཟ་མཁན།

        རྒྱུན་མཁོའི་འཚོ་བ་ལེགས་སུ་ཕྱིན་པ་ལས་བཟའ་བཏུང་གི་གོམས་གཤིས་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། བཟའ་ཆས་ཡག་སྒྲུག་རྒྱག་པ་དང་། བཟས་དྲགས་པ། ཟ་ཚོད་མ་ཟིན་པ། ཤའི་རིགས་མང་པོ་ཟ་བ། ཤིང་ཏོག་དང་སྔོ་ཚལ་རིགས་ཉུང་ཉུང་ལས་མི་བཟའ་བ་སོགས་བཟའ་བཏུང་གི་གོམས་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་འཇུ་ལམ་གྱི་སྐྲན་ནད་ཕོག་ཚད་མང་དུ་འགྲོ་གི་ཡོད། 

        ལྔ་པ། བསམ་པའི་གནོན་ཤུགས་ཆེན་པོ་ཡོད་མཁན།

        བསམ་པར་གནོན་ཤུགས་ཆེན་པོ་ཡོད་ན་ལུས་པོའི་ཕྲ་ཕུང་གི་དོ་སྙོམས་ལ་འགྱུར་བ་བྱུང་ནས་རིམས་འགོག་ནུས་པ་ཡང་ཞན་དུ་འགྲོ་གི་ཡོད། གལ་ཏེ་ལུས་པོར་སྐྲན་གྱི་རྒྱུ་ཡོད་ན་རིམས་འགོག་ནུས་པ་དེ་བས་ཀྱང་ཞན་དུ་སོང་ནས་སྐྲན་ནད་ལ་འགྱུར་སླ་པོ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།