དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མངའ་རིས་ཀྱིས།

    ཟུག་མེད་བུ་བཙའི་བྱེད་ཐབས་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་སྤྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • ཉེ་ཆར། སྒར་རྫོང་གི་སྦྲུམ་མ་ཞིག་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་ནད་སྡོད་སྨན་བཅོས་བྱེད་པར་སླེབས་མོད། འོན་ཀྱང་སྦྲུམ་མ་དེས་དངངས་སྐྲག་ཆེན་པོ་བྱེད་པ་མ་ཟད། ན་ཟུག་བཟོད་བསྲན་དཀའ་བས། སྦྲུམ་མའི་ན་ཟུག་ཆུང་དུ་དང་སེམས་པ་ལྷོད་ལ་འབེབས་ཆེད། ཚོད་སྐོར་བྱས་པ་བརྒྱུད་བུད་མེད་དང་བུ་བཙའ་ཚན་ཁག་གི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཁག་བརྒྱད་པའི་སྨན་པ་དང་གཤགས་བཅོས་སྦྲིད་སྨན་ཚན་ཁག་གི་སྨན་པས་ཟུག་མེད་བུ་བཙའི་བྱེད་ཐབས་སྤྱོད་པའི་ཐག་བཅད་པ་རེད། བྱེད་ཐབས་འདི་སྲོལ་རྒྱུན་གྱི་ཕྲུ་གུ་སྐྱེ་ཐབས་ལས་ཕན་ནུས་དེ་བས་ཡག་པ་ཡོད་པས་མྱུར་དུ་ན་ཟུག་གཅོག་ཐུབ་ཀྱི་ཡོད།

        ནང་མི་དང་འབྲེལ་གཏུག་བྱས་པ་དང་འབྲེལ་གནས་ཚུལ་གསལ་རྟོགས་མོས་མཐུན་ཡི་གེར་མིང་རྟགས་བཀོད་རྗེས། སྨན་པས་འཕྲལ་མར་སྦྲུམ་མ་དེར་ཟུག་མེད་བུ་བཙའི་བྱེད་ཐབས་སྤྱད་པས། སྦྲུམ་མའི་ན་ཟུག་མངོན་གསལ་དོད་པོས་ཆུང་དུ་ཕྱིན་པ་དང་། ཆུ་ཚོད་གསུམ་ལྷག་ཙམ་སོང་རྗེས་ཕྲུ་གུ་བདེ་བླག་ངང་བཙས་པ་དང་མ་སྨད་བདེ་ཐང་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།