དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས།

    སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • རྒྱལ་ཁབ་དང་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལོ་ལྟར་གྱི་སྤྱི་ཟླ་4པ་ནི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་ཡིན་ཞིང་། སྤྱི་ཟླ་4པའི་ཚུན་དུ། གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱོད་པ་དང་། འགན་འཁྲི་ནན་དུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། མང་ཚོགས་ཀྱི་ནད་གཞི་ལྟ་བ་དང་སྨན་པ་བསྟེན་པའི“དངུལ་ཁུག”ཡག་པོ་བསྲུངས་ཡོད་པ་རེད།

        གཞིས་རྩེ་གྲོང་ཁྱེར་གྱི་2023ལོའི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ཚུན། གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས“བདེ་འཇགས་དང་ཚད་ལྡན་ངང་ཐེབས་རྩ་སྤྱོད་པ་དང་། མི་དམངས་ཀྱི‘ནད་ལྟ་བའི་དངུལ’ཡག་པོ་སྲུང་བ”བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། གཞས་མ་གཏམ་དང་འཁྲབ་ཚན་ཐུང་གྲས་སོགས་ཀྱི་བྱེད་ཐབས་བརྒྱུད། གོ་བདེ་ཤེས་སླའི་སྐད་ཆ་ནས་མང་ཚོགས་ལ་སྨན་བཅོས་འགན་སྲུང་དང་ཉེན་ཁ་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྨན་ཁང་གི་སྨན་པ་གདན་དྲངས་ཏེ“བདེ་ཐང་སྨན་བཅོས་འགན་སྲུང་བྱ་སྤྱོད”ཀྱི་འོས་འགན་སྨན་བཅོས་ཞབས་འདེགས་ཞུས་པ་དང་འབྲེལ་དྲིལ་བསྒྲགས་ལག་དེབ་སྣ་ཚོགས་ཀྱང་སྤྲད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ཁོངས་གཏོགས་ཀྱིས་སྨན་བཅོས་འགན་སྲུང་ལམ་ལུགས་མ་ལག་ཟམ་མི་ཆད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྒྲུབ་ཞབས་འདེགས་ཐབས་ལམ་གསར་གཏོད་དང་སྟབས་བདེ་རུ་གཏོང་བ། སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འགན་སྲུང་ཐེབས་རྩ་དོ་དམ་དང་བེད་སྤྱོད་ཡག་པོ། སྨན་རྫས་ཟད་གྲོན་འཚོལ་བསྡུ་དང་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས། ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དྲ་བ་སྦྲེལ་ནས་ཐད་ཀར་འགྲོ་གྲོན་རྩིས་རྒྱག་སོགས་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་ཏན། སྨན་བཅོས་འགན་སྲུང་དངུལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐག་གཅོད་ནན་པོ། སྨན་བཅོས་འགན་སྲུང་གི་སྲུང་ཡོལ་བརྟན་པོ་སྐྲུན་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་སྒྲིག་འགལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་109ལ་ཐག་གཅོད་བྱས་པ་དང་། སྨན་བཅོས་འགན་སྲུང་ཐེབས་རྩ་སྒོར་ཁྲི་3823ཙམ་ཚུར་བླངས་ཡོད་པ་རེད།

        གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ལིའུ་ཝུའེ་ཧྭ་ཡིས། གོམ་སྟབས་རྗེས་མར་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་བྱེད་པོའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བརྟན་པོ་འཁུར་བ་དང་། ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་སྨན་བཅོས་འགན་སྲུང་དངུལ་མགོ་སྐོར་གཡོ་ལེན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།