དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འགོ་བརྗོད་པར་རིས།
  • མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

      • འདི་ནི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

      • ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྲན་ནད་འགོག་བཅོས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་མང་ཚོགས་ཀྱི་སྐྲན་ནད་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། དྲིན་སྐྱོང་གླིང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྨན་པ་ཚོས་མང་ཚོགས་ཚོར་བདེ་ཐང་འཆད་ཁྲིད་དང་འོས་འགན་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། ད་དུང་སྨན་རྫས་དང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་སྤྲད་པར་ཚང་མའི་གདེང་འཇོག་བཟང་པོ་ཐོབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།