དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འགོ་བརྗོད་པར་རིས།
  • སྨན་པས་ནད་པར་སྨན་སྦྱོར་རྟ་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

    འདི་ནི་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྨན་པས་ནད་པར་སྨན་སྦྱོར་རྟ་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གསོ་རིག་སྨན་རྫས་དང་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་གཏོང་ལ་སྐུལ་འདེད་བཏང་བ། རྒྱུན་མཐུད་ངང་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་བཏང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྟབས་བདེའི་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་རུ་བཏང་བས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་པ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་བ་ཞིག་གཞི་རྩའི་ཆ་ནས་གྲུབ་སྟེ་ནད་རིགས་400ལྷག་ཙམ་བོད་ནས་སྨན་བཅོས་ཐུབ་པས་མི་སེར་ལ་སྨན་བཅོས་སྟབས་བདེ་བསྐྲུན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།