ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་རིམ་པ་ཁག་གི་ལག་རྩལ་པ་སྒྲིག་འཛུགས་བྱས་ཏེ། མི་སེར་གྱི་ཁྱིམ་དང་ཞིང་ནང་དང་མུ་ཁར་བསྐྱོད་ནས“བརྟག་ཞིབ”བྱས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་བྱང་ཆུབ་པའི་ལག་རྩལ་ཞིང་འབྲོག་མང་ཚོགས་ལ་བསླབས་ནས་ཞིང་འབྲོག་ལས་ཐོན་སྐྱེད་ཁྲོད་ཁྱབ་གདལ་དང་བེད་སྤྱོད་བྱས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ཆབ་མདོ་གྲོང་ཁྱེར་གྱི་ལག་རྩལ་ལས་བྱེད་པ་1275ཡིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྤེལ་གྱི་ལག་རྩལ་འགན་གཙང་འགན་ལེན་གྱི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། མིག་སྔའི་བར། མང་ཚོགས་ཁྱོན་མི་ཐེངས་63000ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་ཁྱིམ་ཚང་འབྲོག་ར་དང་། མཉམ་ལས་ཁང་། ཕྲན་ཚེགས་ཁེ་ལས་སོགས་གཉེར་སྐྱོང་བྱེད་པོ་139ལ་ཞབས་འདེགས་ཞུས་ཡོད་པ་རེད།