དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཆམ་འཆམ་ལ་ཕེབས་མཁན་གྲོང་མི་ཚོར་གཏམ་བཟང་ཞིག་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-05-09

    ཟླ་5ཚེས་5ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ནས་ཤེས་རྟོགས་བྱུང་བར་ལྟར་ན། གྲོང་ཁྱེར་ཤར་འདབས་ལྕང་གྲོང་ལམ་གྱི་སེམས་མཐུན་སྤྱི་གླིང་ལས་གྲྭ་འདི་ལོའི་ཟླ་2པ་ནས་དངོས་སུ་སྐྲུན་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ཟླ་6པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་གྱི་ཡོད་པ་དང་། ལས་མཇུག་འགྲིལ་རྗེས་གྲོང་མི་མང་ཚོགས་ལ་སྤྲོ་གསེང་དང་། རོལ་རྩེད། ལུས་རྩལ་བཅས་གཞི་གཅིག་ཏུ་བསྡུས་པའི་བྱེད་སྒོ་སྤེལ་ཡུལ་ཡག་པོ་ཞིག་མཁོ་འདོན་ཐུབ་ཀྱི་ཡོད།

    1.jpg

    སེམས་མཐུན་སྤྱི་གླིང་གི་ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་33347.93ཟིན་པར་སྔོ་ལྗང་གི་རྒྱ་ཁྱོན་དང་། གླིང་ཁུལ་གྱི་འགྲོ་ལམ། ཆུའི་མཛེས་ལྗོངས་དང་སྒོར་གཞས་ཐང་ཆེན་སོགས་ཚུད་ཡོད། གཞན་ཡང་སྤྱི་གླིང་དུ་ད་དུང་མཚེའུ་དང་། བྱིས་པའི་སྤོ་ལོ་ཐང་། ལན་ཆིའུ་སྤོ་ལོ་ཐང་། ལུས་སྦྱོང་ཁུལ་སོགས་སྐྲུན་གྱི་ཡོད།

    2.jpg

    རྣམ་གྲངས་དེའི་ཨར་པོ་བ་རེན་གོ་པིང་གིས། 

    མིག་སྔར་སེམས་མཐུན་སྤྱི་གླིང་གི་ལས་གྲྭའི་65%ལེགས་གྲུབ་ཟིན་ཞིང་། གོམ་སྟབས་རྗེས་མར་གླིང་ཁུལ་གྱི་འགྲོ་ལམ་བཟོ་བ་དང་། སྡོང་ཐུང་འདེབས་པ། སྤང་འདེབས་པ་སོགས་ཀྱི་ལས་དོན་སྤེལ་རྩིས་ཡོད་ཅེས་བརྗོད།

    3.jpg

    4.jpg

    ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཙུང་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ནོར་བུ་སྤྱི་གླིང་དང་། དྲན་གསོའི་རྡོ་རིང་གི་ལུས་རྩལ་རྒྱན་ཤོག་སྤྱི་གླིང་། གླིང་ཕྲན་གཉིས་ཀྱི་སྐྱེ་ཁམས་སྤྱི་གླིང་སོགས་བརྗོད་དོན་གཙོ་བོའི་སྤྱི་གླིང་མང་པོ་ཞིག་མགྱོགས་མྱུར་སྐྲུན་བཞིན་ཡོད། སྤྱི་གླིང་གསར་པ་བཞི་པོ་འདི་དག་སྔོན་དཔག་བྱས་ན་ཟླ་6ཚེས་30ཉིན་ཕྱོགས་ཡོངས་ནས་སྐྲུན་ཟིན་གྱི་ཡོད། སྤྱི་གླིང་བསྐྲུན་ཟིན་རྗེས། གྲོང་མིར་ལུས་སྦྱོང་དང་རོལ་རྩེད་བྱེད་པར་དེ་བས་སྟབས་བདེ་བའི་ཁོར་ཡུག་ཅིག་གཏོད་སྲིད།

    5.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།