དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-27

    ཉེ་ཆར། རྒྱལ་ཡོངས་ཚན་རྩལ་ཁང་གི་མཉམ་འབྲེལ་བྱ་སྤྱོད་གོ་སྐབས་སུ་བཟུང་ནས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གིས“ཁུར་པོ་ཡང་གཏོང་གཉིས”ཀྱི་ཆ་རྐྱེན་འོག་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག “འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་འགྲུབ་པའི”བརྗོད་དོན་གཙོ་བོའི་མཉམ་འགུལ་ཚན་རིག་ཁྱབ་གདལ་བྱེད་སྒོ་སྟེ“འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་སློབ་ཚན《མེ་ཤུགས་འཕུར་མདའི་ཕུགས་འདུན་འགྲུལ་བཞུད》”ཅེས་པ་མཉམ་དུ་འཚོག་པའི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་100ད་ཐེངས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཐད་གཏོང་བྱེད་སྒོར་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཁུར་པོ་ཡང་གཏོང་གཉིས”ཀྱི་ཆ་རྐྱེན་འོག་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་རྣམ་གྲངས་ཀྱི་དམིགས་ཡུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་དམ་པོར་དམིགས་ནས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། ཚན་རིག་ཁྱབ་གདལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཚན་རིག་ཁྱབ་གདལ་ལས་དོན་གྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཚན་རིག་ལག་རྩལ་ཁྱབ་གདལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།