ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། 2023ལོར། རང་ལྗོངས་ཀྱིས་འབྱུང་འཕྲོད་སྤུས་མཐོ་ནུས་ཆེ་འཛུགས་གཏོད་དང་། ས་དཔྱད་ལུད་སྦྱོར། ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་སོགས་གཙོ་གནད་ཞིང་ལས་ཚན་རྩལ་རྣམ་གྲངས་ལག་ལེན་བསྟར་ཏེ། ས་དཔྱད་ལུད་སྦྱོར་དང་འབྲུ་རིགས་འབྱུང་འཕྲོད་སྤུས་མཐོ་ནུས་ཆེའི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་190ཟིན་པའི་འགན་ལེན་དང་། འབྱུང་འཕྲོད་ཀྱི་སྔོན་འགོག་དང་ཚོད་འཛིན་ལག་རྩལ་མ་ལག་བསྐྲུན་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང(ཆུས)25ལ་རྩི་ཤིང་སྲུང་སྐྱོང་གི་མི་མེད་མཁའ་སྐྱོད་ཡོ་བྱད་དཔེ་སྟོན་གྱི་སྒོ་ནས་ཁྱབ་གདལ་གཏོང་བ་དང་ལག་རྩལ་གསར་པ་དང་། གྲུབ་འབྲས་གསར་པ། སྒྲིག་ཆས་གསར་པ་བཅས་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱིས་ཐོན་སྐྱེད་ལ་ཚད་གཞི་མཐོ་པོས་ཞབས་འདེགས་མངོན་འགྱུར་ཡོང་བར་བྱེད་ཀྱི་ཡོད།
2022ལོར། རང་ལྗོངས་ཀྱིས་ནས་མུའུ་ཁྲི་དང་། མུའུ་སྟོང་། མུའུ་བརྒྱ་བཅས་ཀྱི་ཐོན་འབོར་ཆེ་བའི་དཔེ་སྟོན་ཁུལ་ཁྱོན་200བཏོད་པ་དང་། ས་དཔྱད་ལུད་སྦྱོར་ལུད་རྒྱག་དང་སྤུས་མཐོ་ནུས་ཆེའི་དཔེ་སྟོན་ཞིང་ཁ་མུའུ་ཁྲི་190ཟིན་པར་བྱས་ཡོད།