དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་འདི་ལོའི་ས་ཞིང་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་སྔ་སྣུར་དུ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-12

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྔ་སྣུར་དུ་སྤྲད་པའི་ས་ཞིང་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་2022ལོའི་ཟླ་12པའི་ཟླ་མཇུག་གོང་ཚང་མ་སྤྲད་ཟིན་པ་དང་། ལས་འགན་ལག་ལེན་བསྟར་བའི་དུས་ཚོད་ན་ནིང་ལས་ཟླ་བ་གཅིག་ཙམ་གྱིས་སྔ་བ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ས་རྒྱུའི་ནུས་པ་ཆེ་རུ་གཏོང་བ་སྟེ། འཆར་འགོད་དང་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང(ཆུས)བཅས་རིམ་གསུམ་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་འཆར་འགོད་མ་ལག་བཙུགས་ཏེ་རྣམ་གྲངས་གསོག་འཇོག་མཛོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་རྣམ་གྲངས་ཀྱི་མྱུར་ཚད་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་ལེགས་སུ་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ནས་ཚོང་ཟོག་གི་སྐྱེ་ལྡན་ལུད་མུ་མཐུད་མང་དུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ལ་ཁྱིམ་ལུད་གསོག་པར་ཁྲིད་སྟོན་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ས་རྒྱུའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།