དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ཚན་རྩལ་རྣམ་གྲངས་23གཏན་ལ་ཕབ་ནས་ལག་ལེན་བསྟར་གྱི་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-12

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་2023ལོའི་ལོ་འཁོར་གྱི་གཙོ་གནད་ཚན་རྩལ་འཆར་གཞིའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར《གྲོང་ཁྱེར་རིམ་པའི་ནོར་སྲིད་ཚན་ཞིབ་རྣམ་གྲངས་དང་མ་དངུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》ལ་གསེད་བཀྲོལ་བྱས་པ་མ་ཟད། 2023ལོའི་ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ཚན་རྩལ་འཆར་འགོད་རྣམ་གྲངས་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་ཀྱང་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱོན་མ་དངུལ་སྒོར་ཁྲི་1163.43ཟིན་པའི་རྣམ་གྲངས་23གཏན་ལ་ཕབ་ནས་ལག་ལེན་བསྟར་གྱི་ཡོད་པ་དེ་དག་ཞིང་ལས་དང་། ས་མཐོའི་ནད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚན་རྩལ་སྒྲིག་སྲོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་བབ་བསྟུན་འཕྲལ་སྒྲུབ་དང་། འགག་སྒྲོལ་དཀའ་སེལ། གོ་སྐབས་དམ་འཛིན་བཅས་བྱས་ནས་ཚན་རྩལ་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གསར་གཏོད་ཀྱི་སྲིད་ཇུས་ཁག་17སྐུལ་འདེད་བཏང་ནས་བཟོས་པས། ལྷ་སའི་ཚན་རྩལ་གྱི་བཅོས་སྐྱོང་མ་ལག་རིམ་བཞིན་གྲུབ་ནས་ལྷ་སའི་ཚན་རྩལ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་ལ། ལྷག་པར་དུ《ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཚན་རྩལ་གསར་གཏོད་འཆར་འགོད》དང《གྲོང་ཁྱེར་རིམ་པའི་ནོར་སྲིད་ཚན་ཞིབ་རྣམ་གྲངས་དང་མ་དངུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》སོགས་ཀྱི་སྲིད་ཇུས་བཟོས་པ་དེས་ཚོད་འཛིན་ལས་བརྒལ་ནས་དོ་དམ་ལེགས་སུ་ཕྱིན་པ་དང་ལྕག་སྐུལ་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཏེ། ཚན་རྩལ་ལས་དོན་གྱི་ཁུར་པོ་ཡང་དུ་གཏོང་གང་ཐུབ་བྱས་ནས་ཚན་རིག་ལ་བརྩི་འཇོག་དང་། ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་གོང་བཀུར་ཞུ་བའི་སྐྱེ་ཁམས་ཁོར་ཡུག་ཅིག་དང་ལྷ་སའི་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།