ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིཌ་ན། 2022ལོར་བོད་ཀྱིས་སློབ་གསོར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་45.51དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་དགེ་སློབ་མི་ཐེངས་ཁྲི་201ཟིན་ཡོད།
2022ལོར་བོད་ཀྱིས་སློབ་ཞུགས་གོང་གི་སློབ་གསོའི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་79710.97དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་286491ཟིན་ཡོད། འོས་འགན་སློབ་གསོའི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་259195.31དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་1424664ཟིན་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མར་རོགས་སྐྱོར་མ་དངུལ་སྒོར་ཁྲི་43322.93དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་144348ཟིན་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་23819.89དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་59324ཟིན་ཡོད། དམིགས་བསལ་སློབ་གསོའི(སྒོ་རྩར་སློབ་གསོ་རྒྱག་པ་དང་གྲལ་སྡོད་མཉམ་སྦྱོང་ཚུད་པ)སློབ་མའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་8076དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་13460ཟིན་པ། མཐོ་རིམ་སློབ་གསོའི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་40326.72དོན་འཁྱོལ་བྱས་པར་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་79076ཟིན་ཡོད། གཞན་ཡང་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་སློབ་གསོའི་སློབ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་633དོན་འཁྱོལ་བྱས་པར་དགེ་སློབ་མི་ཐེངས་2393ལ་ཕན་པ་ཐོབ་ཡོད་པ་རེད།