དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཁྱག་སྒམ་སྟེང་ལ་ཅ་ལག་འདི་དག་བཞག་ཚེ། གློག་རིན་མང་པོ་འགྲོ་བ་མ་ཟད…

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-20

     དེང་གི་འཚོ་བའི་ནང་ཁྱིམ་སྤྱོད་གློག་ཆས་མེད་དུ་མི་རུང་བར་གྱུར་ཡོད། མ་གཞི་གློག་ཆས་ཀྱིས་ང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་གྱི་ཡོད་མོད། འོན་ཀྱང་ཟླ་རེར་གློག་རིན་མང་པོ་སྤྲོད་དགོས་དུས། ཕངས་སེམས་ཆེན་པོ་སྐྱེས་ཀྱི་འདུག་གམ། གྲོང་པ་ཁྱིམ་མཚེས་དབར་ཁྱིམ་སྤྱོད་གློག་ཆས་མང་ཉུང་གཅིག་པ་ཡིན་རུང་། གློག་རིན་ལ་ཁྱད་པར་ཆེན་པོ་ཡོད། གློག་བཟོ་མཁན་གྱིས་ཆུ་ཚོད་བཤེར་སྐབས། གློག་རིན་མང་པོ་འགྲོ་དོན་ཤེས་ནས། འཁྱག་སྒམ་གྱི་སྟེང་དུ་ཝེ་པོ་ཚ་ཐབ་དང་། རྡུལ་འགོག་ཁེབས་རས། མེ་ཏོག་སོགས་འཇོག་མི་རུང་བ་ང་ཚོར་དྲན་སྐུལ་བྱས་བྱུང་། རྒྱུ་མཚན་ནི། ཅ་དངོས་དེ་དག་འཁྱག་སྒམ་སྟེང་དུ་བཞག་ཚེ། འཁྱག་སྒམ་གྱི་སྤྱོད་ཡུན་ལ་སྐྱོན་ཆེན་པོ་རྒྱག་གི་ཡོད། 

    1.ཝེ་པོ་ཚ་ཐབ།

    འཁྱག་སྒམ་ཆེན་པོ་མེད་ནའང་། དེའི་སྟེང་ཅ་ལག་འཇོག་ས་ཡོད། དེས་ན་མི་མང་ཆེ་བས་སྟོང་ཆ་དེའི་སྟེང་ཝེ་པོ་ཚ་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་གཞན་དག་འཇོག་གི་ཡོད།

    མ་གཞི། ཁྱིམ་སྤྱོད་གློག་ཆས་ཁ་ཤས་ལྗིད་པོ་མེད་རུང་། འཁྱག་སྒམ་སྟེང་དུ་བཞག་ན། དྲོད་ཚད་ལ་སྐྱོན་ཆེན་པོ་རྒྱག་གི་ཡོད། ལྷག་པར་དུ་འཁྱག་སྒམ་གྱིས་སྔོ་ཚལ་སོགས་གྲང་མོ་བཟོ་སྐབས། གློག་དེ་བས་མང་བ་འགྲོ་ཡི་ཡོད་པ་མ་ཟད། འཁྱག་སྒམ་གྱི་སྤྱོད་ཡུན་ལ་ཤུགས་རྐྱེན་ཐེབས་པ་དང་། ཐ་ན་སྐྱོན་ཆེན་པོ་ཤོར་བའི་ཉེན་ཁ་ཡོད། 

    2.རྡུལ་འགོག་ཁེབས་རས། 

    ཁྱིམ་ཚང་ཕལ་ཆེ་བས་འཁྱག་སྒམ་སྟེང་དུ་ཁྱིམ་སྤྱོད་གློག་ཆས་གཞན་དག་འཇོག་གི་མེད་ཀྱང་། རྒན་རྒོན་ཁག་གཅིག་འཁྱག་སྒམ་སྟེང་དུ་རྡུལ་འགོག་ཁེབས་རས་གཡོག་རྒྱུར་དགའ་པོ་ཡོད། རྡུལ་འགོག་ཁེབས་རས་ཀྱིས་ཐལ་རྡུལ་འགོག་པ་དང་ཆབས་ཅིག འཁྱག་སྒམ་གྱི་དྲོད་ཚད་ཀྱང་མཉམ་དུ་འགོག་གི་ཡོད་སྟབས། འཁྱག་སྒམ་གྱི་སྤྱོད་ཡུན་ཐུང་དུ་ངེས་ཅན་འགྲོ་ཡི་ཡོད། 

    3. མེ་ཏོག

    འཁྱག་སྒམ་སྟེང་དུ་ཅ་དངོས་འདྲ་མ་བཞག་ན། མིག་གིས་བལྟ་སྐབས་སྟོང་ལྷང་ལྷང་ཞིག་ཡོད་པས། ང་ཚོས་དེའི་སྟེང་དུ་མེ་ཏོག་བཞག་ནས་མཛེས་པོ་ཡོང་བར་བྱེད་ཀྱི་ཡོད།

    དོན་དངོས་ཐོག འཁྱག་སྒམ་ལས་ཐོན་པའི་ཚ་རླངས་ཀྱིས་མེ་ཏོག་གི་རྒྱུན་གཏན་གྱི་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ལྷག་པར་དུ་མེ་ཏོག་གི་ལོ་འདབ་ལ་རླངས་འགྱུར་གྱི་ནུས་པ་ལྡན་པས། དེ་ལས་ཐོན་པའི་ཆུ་ཐིགས་ཀྱིས་འཁྱག་སྒམ་གྱི་ལྷུ་ལག་ལ་བཙའ་རྒྱག་གི་ཡོད། ཡག་ཤོས་བྱུང་ན། འཁྱག་སྒམ་གྱི་སྟེང་དུ་མེ་ཏོག་སོགས་འཇོག་མི་རུང་། 

    ཀློག་པ་པོ་རྣམས་པས་ད་ལྟ་གློག་རིན་མང་པོ་འགྲོ་བའི་རྒྱུ་མཚན་འདི་མཁྱེན་ཡོད་ཤས་ཆེ། གལ་ཏེ་གོམས་གཤིས་འདི་རིགས་ཡོད་ཙ་ན་ད་ནས་སྤོང་བར་བགྱིས།  

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།