དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “ཟེའུ་འབྲུའི་སྔོ་དུག”ལ་སྔོན་ནས་ཁ་གཏད་གཅོག་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-20

    རིགས་གཅིག་མཁས་ཅན་གྱིས་དཔྱིད་དུས་སུ་མི་འཕྲོད་པ་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ།

    གསོ་རིག་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

    བདེ་ཐང་གི་འགོག་སྲུང་ཡག་པོ་དང་།

    མི་འཕྲོད་པ་ཡོང་གཞི་དང་ཐུག་རེག་མི་བྱེད་པ།

    མི་འཕྲོད་པའི་འགོག་སྨན་སྤྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་ཚེ།

    དཔྱིད་དུས་ཀྱི་སྔོ་དུག་ནུས་ལྡན་སྔོན་འགོག་དང་དེར་ཁ་གཏད་གཅོག་ཐུབ།

    “ཟེའུ་འབྲུའི་སྔོ་དུག”ཕོག་པའི་ནད་པར་གྲོས་འགོ་འདོན་རྒྱུ་སྟེ།

    ཟེའུ་འབྲུ་རླུང་གིས་གང་སར་ཁྱེར་བའི་སྐབས།

    མི་འཕྲོད་པ་ཡོང་གཞིའི་ཁོར་ཡུག་ལས་གཡོལ་གང་ཐུབ་དང་ཕྱི་རོལ་དུ་ཉུང་ཙམ་སྐྱོད་པ།

    ཁ་རས་དང་མིག་སྲུང་མིག་ཤེལ་རྒྱག་པ།

    ཕྱི་ནས་ཁྱིམ་ལ་ལོག་རྗེས་ལག་པ་དང་ངོ་གདོང་འཁྲུ་བ།

    དགོས་ངེས་ཀྱི་སྐབས་སུ་ཚྭ་ཆུས་སྣ་དང་མིག་གཙང་བཤལ་གཏོང་བ།

    མི་འཕྲོད་པ་ཡོང་གཞི་འགོས་པའི་གྱོན་ཆས་བརྗེ་བ་སོགས་བྱེད་དགོས།

    ཕྱི་རོལ་དུ་མི་འཕྲོད་པ་ཡོང་གཞི་གར་ཚད་མཐོ་པོ་ཡོད་སྐབས།

    སྒེའུ་ཁུང་ཕྱེ་ཡུན་ཐུང་དུ་གཏོང་བ་དང་།

    ཁང་པའི་ནང་གི་ཐལ་རྡུལ་དུས་ཐོག་ཏུ་གཙང་སེལ་ལམ་ཡང་ན་ཆུ་སྟོར་ནས་རྡུལ་འཇགས་པར་བྱེད་པ།

    མཁའ་རླུང་གཙང་བཟོའི་ཡོ་བྱད་སྤྱོད་པ་སོགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།