བོད་ཀྱི་སྨན་ཁང་འདིར་ཧྭ་ཤིས་ཨེམ་ཆི་མཁས་པས་སྨན་བཅོས་བྱེད་ཀྱི་འདུག
2023ལོར། ཧྭ་ཤིས་སྨན་ཁང་གི་རིགས་གཅིག་མཁས་ཅན་11གིས་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་དུ་དུས་བཀག་ལྟར་ནད་གཞི་བརྟག་རྒྱུ་ཡིན་པ་དང་། ཁོང་ཚོས་ལག་རྩལ་དང་ཞབས་ཞུ་བཟང་པོར་བརྟེན་ནས་ཁྱེད་ཚོའི་བདེ་ཐང་སྲུང་སྐྱོབ་བྱེད།
ཁྱེད་ཀྱིས་ཧྭ་ཤིས་སྨན་ཁང་གི་རིགས་གཅིག་མཁས་ཅན་རྣམ་པའི་ཆ་འཕྲིན་དང་ནད་བརྟག་དུས་ཚོད་ཤེས་འདོད་ན་འདིར་གཟིགས་པར་འཚལ།
ཁུང་ཆིང་ཆོན།
བོད་ལྗོངས་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་། རུས་ནད་ཚན་ཁག(སྒལ་ཚིགས་ཕྱི་ནད་ཚན་ཁག་མཇིང་ཚིགས་དང་སྐེད་ཚིགས། ཕྲག་སྐེད་དང་རྐང་པའི་ཚིགས་སོགས་ན་བ་གཙོ་བོར་བཅོས)ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་ཆེད་མཁས་པ་དང་ཀྲུའུ་རེན་སྨན་པ།
ནད་གཞི་བརྟག་པའི་དུས་ཚོད། རེས་གཟའ་མིག་དམར་གྱི་སྔ་དྲོ།
སྒལ་ཚིགས་སོགས་ཀྱི་ནད་བརྟག་སྨན་བཅོས་ལ་མཁས་ཤིང་། ལྷག་པར་དུ་སྒལ་ཚིགས་རྨ་ཆུང་གཤགས་བཅོས་ལག་རྩལ(སྒལ་ཚིགས་ནང་རྒྱུ་བའི་སྒལ་ཤེལ་གྱི་གནོན་ཤུགས་གཅོག་པའི་ལག་རྩལ་དང་། ནང་ཤེལ་འོག་གི་མཉམ་འདྲེས་ལག་རྩལ། ཁ་ནད་དང་སྣ་སྦུག་སོགས་རྨ་ཆུང་གི་ན་ཟུག་གཅོག་པའི་གཏན་འཇགས་མཉམ་འདྲེས་ལག་རྩལ་ཚུད)དང་། མཇིང་ཚིགས་དང་བྲང་ཚིགས། སྒལ་ཚིགས་ཀྱི་སྒལ་གཞུང་འབུར་ཐོན་ནད་དང་། སྒལ་ཚིགས་བུད་པའི་ནད། སྒལ་ཚིགས་ལྷུག་ནད། རྙིང་འགྱུར་རང་བཞིན་དང་། རྒྱུན་ཐོན་རང་བཞིན། ན་རྐྱེན་མི་གསལ་བ་བཅས་ཀྱི་སྒལ་གཞུང་ཟུར་འབུར་སོགས་སྒལ་གཞུང་ཡ་མ་གཟུགས། སྒལ་གཞུང་འདུས་འདྲིལ་དང་གཉན་ཚད། འབྲས་སྐྲན་སོགས་སྒལ་གཞུང་རུས་ནད་ཀྱི་ནད་གཙོ་བོར་བཅོས་ཀྱི་ཡོད།
ལི་ཁྲང་ལིན།
རྣ་སྣ་ཁ་སྦུག་ཚན་ཁག ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ།
ནད་བརྟག་དུས་ཚོད། རེས་གཟའ་ཟླ་བའི་སྔ་དྲོ།
ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་ལྷག་པར་དུ་རྣ་བ་དང་སྣ་ཁུང་། ཁ་སྦུག་བཅས་ཀྱི་ནད་ལ་བཅོས་པར་མཁས་པ་ལྷོ་ནུབ་ས་ཁུལ་དུ་ཨང་དང་པོར་གྱེས་རྡུལ་དང་། སྐུལ་འོད། རྣ་ཤེལ་སོགས་སྤྱད་དེ་རྣ་བ་དང་སྣ་ཁུང་གི་ནད་རིགས་ཀུན་ལ་སྨན་བཅོས་མཁས་པའི་གྲས་ཤིག་རེད།
ལེ་ཞུའེ་ཀྲུང་།
མཆིན་ནད་ཆེད་ཚན་ཚན་ཁག ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ།
ནད་བརྟག་དུས་ཚོད། རེས་གཟའ་ཟླ་བ་དང་ཕུར་བུའི་སྔ་དྲོ།
དུས་ཡུན་རིང་པོའི་ནང་འགོ་ནད་རང་བཞིན་གྱི་ནད་དང་ལྷག་པར་དུ་ནད་དུག་རང་བཞིན་གྱི་མཆིན་ཚད་ཀྱི་ནད་ཐོག་དང་ཚོད་ལྟ་ཁང་གི་ཞིབ་འཇུག་བྱེད་བཞིན་ཡོད། ནད་དུག་རང་བཞིན་གྱི་མཆིན་ཚད་དང་། མཆིན་པའི་འབྲས་སྐྲན། འགོ་ནད་རང་བཞིན་གྱི་ནད་རིགས་བཅས་ཀྱི་སྨན་བཅོས་ལ་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།
མཱ་ཤིང་དབྱི།
མཁལ་མའི་ཁོག་ནད་ཚན་ཁག ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ།
ནད་བརྟག་དུས་ཚོད། རེས་གཟའ་ལྷག་པའི་སྔ་དྲོ།
མཁལ་མའི་ཁོག་ནད་ཚན་ཁག་གི་རྒྱུན་མཐོང་ནད་དང་། བཅོས་དཀའ་བའི་ནད། ནད་གཞི་ལྕི་བ་བཅས་དཔེར་ན། དོས་དྲག་དང་གཅོང་ནད་རང་བཞིན་གྱི་མཁལ་མའི་གཉན་ཚད་དང་། དོས་དྲག་དང་གཅོང་ནད་རང་བཞིན་གྱི་མཁལ་མའི་ནུས་པ་ཉམས་པ། བསིང་བཅོས། མཁལ་མ་བརྗེ་བའི་གཤག་བཅོས་མ་བྱས་གོང་དང་གཤགས་བཅོས་རྗེས་ཀྱི་སྨན་བཅོས་བཅས་ཚང་མའི་ཐད་ནད་ཐོག་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་ཆུ་ཚད་ཡང་མཐོ་པོ་ཡོད།
ཝུའུ་པོ།
དབང་རྩའི་ཁོག་ནད་ཚན་ཁག ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ།
ནད་བརྟག་དུས་ཚོད། རེས་གཟའ་ཟླ་བའི་ཕྱི་དྲོ།
ཀླད་པའི་ཁྲག་རྩའི་ནད་རིགས་འགོག་བཅོས་དང་དབང་རྩའི་མ་ལག་གི་ནད་རིགས་གཞན་བཅོས་པར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཀླད་པའི་ཁྲག་རྩའི་ནད་ཀྱི་དོས་དྲག་དང་གཅོང་ནད། རིམ་པ་དང་པོ་དང་གཉིས་པའི་སྔོན་འགོག དབང་རྩའི་མ་ལག་གི་རྒྱུན་མཐོང་ནད་བཅས་བཅོས་མཁས་པོ་ཡོད། ད་དུང་བཅོས་དཀའ་བའི་ནད་དང་མཐོང་དཀོན་པའི་ནད་བཅོས་པར་ཡང་ཉམས་མྱོང་ཡག་པོ་ཡོད་པ་རེད།
སུན་ཞུའེ་ལི།
སེམས་ཁམས་འཕྲོད་བསྟེན། ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ།
ནད་བརྟག་དུས་ཚོད། རེས་གཟའ་ལྷག་པའི་ཕྱི་དྲོ།
སྨན་བཅོས་བྱེད་བཞིན་པའི་ཆེད་ལས་གཙོ་བོའི་གྲས་སུ། ⑴དབང་རྩའི་ནད་ཀྱི་གཉིད་ཁུག་བྱེད་གློག་གི་སྐྱེ་ཁམས་ཞིབ་འཇུག་དང་གཉིད་མི་ཁུག་པའི་ནད་ཐོག་སྨན་བཅོས་དང་། ②ལུས་སེམས་ལ་འགོག་རྐྱེན་བཟོ་བའི་སེམས་ཁམས་ལུས་ཁམས་ཐད་ཀྱི་ཞིབ་འཇུག་དང་ནད་ཐོག་སྨན་བཅོས། ③ནད་ཐོག་དབང་རྩའི་གསོ་རིག ④ཁྲིམས་འཛིན་སྨྱོ་ནད་རིག་པ་བཅས་ཚུད་ཡོད།
རེན་ཀྲི་ཤིའུ།
དབུགས་ལམ་ཁོག་ནད་ཚན་ཁག ཧྭ་ཤིས་སྨན་ཁང་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ་གཞོན་པ།
ནད་བརྟག་དུས་ཚོད། རེས་གཟའ་མིག་དམར་དང་ཕུར་བུའི་ཉིན་གང་།
དབུགས་ལམ་ནད་བཅོས་པར་མཁས་ཅིང་། དཔེར་ན། དབུགས་འགག་པའི་རང་བཞིན་གྱི་གློ་བའི་གཅོང་ནད་དང་། འདུས་མང་གློ་ཚད། འདུས་འདྲིལ་གཅོང་ནད། གློ་ཡུའི་ནད། གློ་སྐྲན་བཅས་བརྟག་བཅོས་དང་ལྕི་བའི་རིགས་བཅོས་པར་མཁས།
ལིའུ་ཡུང་།
སྨན་བཅོས་མཛེས་བཟོ། ཧྭ་ཤིས་སྨན་ཁང་གི་རིམ་པ་གསུམ་པའི་རིགས་གཅིག་མཁས་ཅན། ཀྲུའུ་རེན་སྨན་པ་གཞོན་པ།
ནད་བརྟག་དུས་ཚོད། རེས་གཟའ་མིག་དམར་གྱི་སྔ་དྲོ།
རྣམ་པ་མཛེས་བཟོའི་གཤགས་བཅོས(མིག་ལྕིབས་མཐུག་པ་དང་། མིག་ལྤགས། སྣ་གདོང་མཛེས་བཟོ)དང་། ནུ་མའི་བཟོ་ལྟ་མཛེས་བཟོ(ནུ་མ་ཆེ་རུ་གཏོང་བ་དང་། ནུ་མ་ཆེན་པོ་ཆུང་དུ་གཏོང་བ། དེ་བཞིན་གྲོ་ཁོག་དབྱིབས་བཟོ། ཚིལ་འཇིབ་གཤགས་བཅོས། ཚིལ་ལུ་ཁ་སྐོང་)རྨ་ཤུལ་སྨན་བཅོས་དང་དེ་བཞིན་རྨ་ཤུལ་ཕྱོགས་བསྡུས་སྨན་བཅོས(སྨན་ཁབ་རྒྱག་པ་དང་། གཤགས་བཅོས་བྱས་ནས་བཟོ་ལྟ་བཟོ་བ། སྐུལ་འོད་སྨན་བཅོས)བཅས་ལ་མཁས་པོ་ཡོད།
མཱ་ལིན།
མིག་ནད་ཚན་ཁག ཀྲུའུ་རེན་སྨན་པ་གཞོན་པ།
ནད་བརྟག་དུས་ཚོད། རེས་གཟའ་པ་སངས་ཀྱི་ཕྱི་དྲོ།
མིག་གི་ཤེལ་ཁྱིམ་གྱི་མཐོང་བྱེད་དྲ་སྐྱིའི་ནད་བཅོས་པར་མཁས་ཅིང་། དཔེར་ན། མཐོང་བྱེད་དྲ་སྐྱིའི་འཕར་རྩ་འགག་པ་དང་། མཐོང་བྱེད་དྲ་སྐྱིའི་སྡོད་རྩ་འགག་པ། མཐོང་བྱེད་དྲ་སྐྱིའི་ཁྲག་རྩའི་ཉེ་འཁོར་གཉན་ཚད། གཅིན་སྙི་ཟགས་ཁུའི་མཐོང་བྱེད་དྲ་སྐྱིའི་ནད་འགྱུར། ཁྲག་ཤེད་མཐོ་བའི་རང་བཞིན་གྱི་མཐོང་བྱེད་དྲ་སྐྱིའི་ནད་འགྱུར་སོགས་སོ།
མ་ཧུང་པིང་།
ཁྲག་རྒྱུན་ཁོག་ནད་ཚན་ཁག ཀྲུའུ་རེན་སྨན་པ་གཞོན་པ།
ནད་བརྟག་དུས་ཚོད། གཟའ་འཁོར་གཉིས་རེའི་རེས་གཟའ་པ་སངས་ཀྱི་སྔ་དྲོ།
ཁྲག་རྩའི་མ་ལག་གི་སྐྲན་ནད(ཁྲག་རིལ་དཀར་པོའི་འབྲས་སྐྲན་དང་། རྨེན་བུའི་སྐྲན་ནད། རྐང་མར་སྐྲན་ནད། རྐང་མར་སྐྱེ་འཕེལ་རང་བཞིན་གྱི་སྐྲན་སོགས་ཚུད)དང་། ཟུངས་ཁྲག་ཞན་པ་དང་ཁྲག་དོན་རང་བཞིན་གྱི་ནད་གཞི་བཅོས་མཁས་པོ་ཡོད། ཞིབ་འཇུག་ཁ་ཕྱོགས་གཙོ་བོ་ནི། 1.དོས་དྲག་རྐང་མར་ཕྲ་ཕུང་གི་ཁྲག་རིལ་དཀར་པོའི་ནད་ཀྱི་རྨང་གཞི་དང་ནད་ཐོག་དང་། 2.རྨེན་བུའི་སྐྲན་གྱི་རྨང་གཞི་དང་ནད་ཐོག་ཡིན།
ཝང་ཝུན་ཕིང་།
བྲང་ཁོག་ཕྱི་བཅོས་ཚན་ཁག ཀྲུའུ་རེན་སྨན་པ་གཞོན་པ།
ནད་བརྟག་དུས་ཚོད། རེས་གཟའ་མིག་དམར་གྱི་སྔ་དྲོ།
མིད་པའི་འབྲས་སྐྲན་དང་། འདུས་འདྲིལ་གློ་གཅོང་། གློ་བའི་འབྲས་སྐྲན། ལག་རྔུལ་བའི་ནད་སོགས་བྲང་ཁོག་ཕྱི་བཅོས་ཚན་ཁག་གི་ནད་གཞི་གཤག་བཅོས་ལ་མཁས།