དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་ལྗོངས་ཀྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-05

    གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2022ལོར་རང་ལྗོངས་ཀྱིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུར་དམ་པོར་དམིགས་ནས། བདེ་ཐང་བོད་ལྗོངས་སྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན། ཉམས་ཞན་རིག་ཚན་དང་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ཚན་ཁག་གཙོ་བོ་འཛུགས་སྐྱོང་ལ་རྒྱབ་སྐྱོར། གཞི་རིམ་གྱི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་སྤེལ་བ་བཅས་བྱས་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་དང་དོ་སྙོམས་བཀོད་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་བཅས་ཀྱིས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་བོད་ལྗོངས་སྨན་ཁང་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང་གཉིས་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་འཛུགས་སྐྲུན་རོགས་སྐྱོར་རྣམ་གྲངས་ཁག་བཞི་པར་བཅུག་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་ཀྱི་ཚད་གཞི་བཟོ་བའི་ལས་དོན་ལ་ཧུར་ཐག་ཞུགས་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཇུས་གཞིར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དཔྱད་ཞིབ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ཞིང་། “1+7”སྨན་ཁང་གི་རྨང་གཞིའི་ཐོག་རྫོང(ཆུས)13མང་དུ་བཏང་བ་དང་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་ཀ་པ་རིམ་པ་སྨན་ཁང་གསུམ་པ་57གྱི་རིགས་གཅིག་མཁས་ཅན་104རྫོང་དང་ཆུས་13དུ་བཅའ་སྡོད་བྱས་པ་དང་འབྲེལ་ལས་དོན་ཡང་སྤེལ་ཡོད། “སྨན་ཁང་གིས་ཚན་ཁག་འགན་ལེན་བྱེད་པའི”ལམ་སྲོལ་ཟབ་ཏུ་བཏང་བ་དང“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ཕྱོགས་གཉིས་དཔྱད་ཞིབ་བྱས་པ་བརྒྱུད། བོད་སྐྱོར་རིགས་གཅིག་མཁས་ཅན་182དང་ས་གནས་དེ་གའི་སློབ་མ་355ལ་དཔྱད་བསྡུར་བྱས་ཏེ་རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་རེད།

    གཞན་ཡང་། 2022ལོར་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྒོར་ཁྲི་4500བཏང་ནས། དོས་དྲག་མྱུར་སྐྱོབ་དང་། སྙིང་ཀླད་ཁྲག་རྩའི་ནད། རྨས་སྐྱོན། ཕྲུ་གུ་དམར་འབྱར་དང་དེ་བཞིན་བུད་མེད་དང་བུ་བཙའ་སོགས་ཉམས་ཞན་ཆེད་ལས་ཚན་ཁག་སྐྲུན་རོགས་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཉམས་ཞན་ཆེད་ལས་ཚན་ཁག་འཛུགས་སྐྲུན་རྣམ་གྲངས་15བཀོད་སྒྲིག་བྱས་པ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་མཆིན་མཁྲིས་ཕྱི་ནད་ཚན་ཁག་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཕྱི་ནད་ཚན་ཁག་དཀྱུས་མ་དང་དེ་བཞིན་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྱིས་པའི་ཚན་ཁག་བཅས་སྐྲུན་པར་རྒྱབ་སྐྱོར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།