དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགུན་གསེང་གི་དུས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-27

    26b2cf1b-04ef-4745-b6cb-80297eea4c94.jpg.jpg

     འདི་ནི་སློབ་མ་ཚོས་ཞིང་པའི་དཔེ་དེབ་ཁང་དུ་སློབ་སྦྱོང་ནན་ཏན་བྱེད་བཞིན་པ།

    དགུན་གསེང་རིང་སློབ་མ་ཚོར་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གིས་ཞིང་པའི་དཔེ་དེབ་ཁང་དང་། གཅེས་སེམས་དཔེ་དེབ་ཁང་། བྱིས་པའི་སྤྲོ་སྐྱིད་ཁང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྒྲུང་གཏམ་ཤོད་པ་དང་། དཔེ་དེབ་ཀློག་པ། སྤེལ་རེས་ཚོགས་འདུ་འཚོགས་པ། ལུས་རྩལ་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས“བྱིས་པར་དྲོ་སྐྱིད་སྦྱིན། དུས་ཆེན་དགའ་གཏོང་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས་སློབ་མ་ཚོའི་དགུན་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།