དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཏོག་གསར་གྱི་ནད་དྲག་སྟེ་ལས་ཀར་འགྲོ་དུས་འདི་དག་ལ་དོ་སྣང་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-12-25

    ཉེ་ཆར། ཏོག་གསར་ནད་དུག་ཕོག་མཁན་མི་ཉུང་བ་ཞིག་དྲག་སྐྱེད་བྱུང་ནས་གཅིག་རྗེས་གཉིས་མཐུད་ངང་རང་གི་ལས་གནས་སུ་ལོག་བཞིན་ཡོད། ད་འོ་ན་བདེ་འཇགས་ངང་ལས་གནས་སུ་ཇི་ལྟར་ལོག་དགོས་སམ་ཞེ་ན། དེའི་ཐད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་གྱིས་ཕྱོགས་དྲུག་ནས་དྲན་སྐུལ་བྱས་འདུག

    གཅིག ཁ་རས་ཡག་པོ་རྒྱག་དགོས།

    ལས་ཀར་འགྲོ་སྐབས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དམ་ཡང་ན་གློག་སྐས་ལ་སྡོད་སྐབས་ཚང་མས་ཁ་རས་ཚད་ལྡན་རྒྱག་དགོས།

    གཞུང་ལས་ཁང་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པ་དང་། ད་དུང་ཁ་རས་ཐོལ་པ་ཞིག་ཁྱེར་ནས་མི་ཚོགས་དང་ཁོར་ཡུག་མི་འདྲ་བར་གཞིགས་ཏེ་ཁ་རས་གང་ལ་གང་འཚམ་ཞིག་རྒྱག་དགོས།

    གཉིས། གཞུང་ལས་ཁང་དུ་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།

    རླུང་འགྲོ་ཡག་པོ་ཡོང་བ་བྱེད་པར་སྔོན་ལ་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་གཏོང་དགོས། ཆ་རྐྱེན་ཡོད་ཚེ་རླུང་གཡབ་སོགས་བཏང་ནས་ཁང་པའི་ནང་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས། དྲོད་སྙོམས་འཕྲུལ་འཁོར་མ་སྤྱད་གོང་ལ་གཙང་སེལ་དང་དུག་སེལ་ཡག་པོ་བྱེད་དགོས། 

    གསུམ། མི་སྒེར་གྱི་གཙང་སྦྲ་ཡག་པོ་དང་ལག་པ་ཡང་སེ་བཀྲུ་དགོས།

    གཞུང་ལས་ཁང་དུ་སླེབས་རྗེས་སྔོན་ལ་ལག་པ་བཀྲུ་དགོས་པ་དང་། ལས་ཀ་བྱེད་རིང་། མྱུར་སྐྱེལ་བསྐུར་མར་རེག་པ་དང་གད་སྙིགས་གཙང་བཤེར་བྱེད་པ་དང་། ལྟོ་ཆས་མ་བཟས་གོང་དང་ཟས་རྗེས་སོགས་སུ་དུས་ཐོག་ཏུ་ལག་པ་བཀྲུ་བའམ་ཡང་ན་ལག་པར་དུག་སེལ་བྱེད་དགོས། གལ་ཏེ་ལག་པ་གཙང་མ་བཀྲུས་མེད་ཚེ། ཁ་དང་། མིག སྣ་བཅས་ལ་རེག་མི་རུང་། ཕྱི་ནས་ནང་ལ་ལོག་རྗེས་ངེས་པར་དུ་སྔོན་ལ་ལག་པ་བཀྲུ་དགོས།

    བཞི། ཁོར་ཡུག་གི་གཙང་སྦྲ་ཡག་པོ་བྱེད་དགོས།

    ཁོར་ཡུག་གཙང་སྦྲ་ཡག་པོ་བྱས་ནས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱེད་དགོས།

    གློག་སྐས་ཀྱི་མཐེབ་གནོན་དང་། འབྱོར་ཐོ་འགོད་སའི་འཕྲུལ་འཁོར། གཞུང་ལས་ཁང་གི་སྒྲོག་ཙེ། ཚོགས་ཁང་གི་སྒྲོག་རྩེ། སྒོའི་ལག་འཇུ་སོགས་སྤྱི་སྤྱོད་དངོས་རྫས་ལ་གཙང་སྦྲ་དང་དུག་སེལ་བྱེད་དགོས་ཏེ། ཨ་རག་ཉིང་ཁུའམ་དུག་སེལ་གཤེར་ཁུས་ཕྱིས་དགོས།

    ལྔ། ཁ་ལག་ཟ་དུས་ནད་དུག་མི་འགོ་བ་བྱེད་དགོས།

    ལས་བཟོའི་ཟ་ཁང་ནང་མི་སྣ་འདུ་འཛོམས་བྱེད་རྒྱུ་མེད་པ་དང་། ཟ་མ་ཉོ་བའམ་ཡང་ན་ལེན་སྐབས་ལག་པའི་གཙང་སྦྲར་དོ་སྣང་དང་བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་དགོས། ཁ་ལག་ཟ་སྐབས་ཁ་ཐོར་ནས་སྡོད་པ་ལས་རུབ་རུབ་བྱས་ནས་སྡོད་མི་རུང་། ད་དུང་སྐད་ཆ་བཤད་ནས་མི་སྡོད་པ་སོགས་བྱེད་དགོས།

    དྲུག ཏོག་གསར་གྱི་ནད་དྲག་སྐྱེད་བྱུང་ཡང་འགོག་སྲུང་ཡག་པོ་བྱེད་དགོས།

    མིག་སྔར་དགུན་དུས་དབུགས་ལམ་གྱི་འགོ་ནད་ཕོག་མང་བའི་དུས་སུ་སླེབས་ཡོད། ཏོག་གསར་ཕུད་ད་དུང་འགོ་ནད་གཞན་ཡོད།

    ཏོག་གསར་གྱི་ནད་དྲག་སྐྱེད་བྱུང་རྗེས་སྔར་བཞིན་དབུགས་ལམ་ལ་འགོག་སྲུང་ཡག་པོ་བྱེད་དགོས་པ་ལས་ལྷོད་གཡེང་བྱེད་མི་རུང་། ལས་གནས་སུ་ལོག་རྗེས་མི་མང་བའི་སྤྱི་པའི་ཁུལ་དུ་ཁ་རས་རྒྱག་པ་དང་། ལག་པའི་གཙང་སྦྲ་དང་། གློ་ལུ་བ། ཧབ་སྦྲིད་རྒྱག་པ་སོགས་བྱེད་སྐབས་དོ་སྣང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།