དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྨན་ཁང་འདི་གཉིས་ལ་ཆུ་ཚོད་48ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་སྟོན་མི་དགོས་པའི་གཏན་འབེབས་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-12-22

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་།

    རྒྱ་ཆེའི་ནད་པས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པ་དང་སྨན་པ་བསྟེན་པའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གསར་པར་གཞིགས་ནས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྨན་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སླར་ཡང་ལེགས་སྒྲིག་དང་ལེགས་སུ་བཏང་སྟེ། ཟླ་12ཚེས་19ཉིན་གྱི་ཆུ་ཚོད་15དང་སྐར་མ་30ནས་བཟུང་། ནད་པ་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་སྐབས་ཆུ་ཚོད་48ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་སྟོན་མི་དགོས་པའི་གཏན་འབེབས་བྱས་འདུག

    བོད་ལྗོངས་ཧྥུའུ་ཁང་སྨན་ཁང་།

    རྒྱ་ཆེའི་ནད་པས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པ་དང་སྨན་པ་བསྟེན་པའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གསར་པར་གཞིགས་ནས། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་སྨན་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སླར་ཡང་ལེགས་སྒྲིག་དང་ལེགས་སུ་བཏང་སྟེ། ཟླ་12ཚེས་21ཉིན་ནས་བཟུང་། ནད་པ་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་སྐབས་ཆུ་ཚོད་48ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་སྟོན་མི་དགོས་པའི་གཏན་འབེབས་བྱས་འདུག 

    གཞན་ཡང་། ཚ་བ་རྒྱས་པའི་ནད་རྟགས་ཐོན་ཚེ། ཆུ་ཚོད་24ཡི་རིང་བློ་འདྲི་བྱེད་ཆོག་གི་འདུག ཧྥུའུ་ཁང་སྨན་ཁང་ཕྱོགས་བསྡུས་སྨན་བཅོས་ཁུལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་བློ་འདྲིའི་ཁ་པར་ཨང་གྲངས་ནི་0891-6371706དང་། ཧྥུའུ་ཁང་སྨན་ཁང་གི་བུད་མེད་དང་བྱིས་པའི་སྨན་ཁང་ཁུལ་གྱི་བྱིས་པའི་ཚན་ཁག་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་བློ་འདྲིའི་ཁ་པར་ཨང་གྲངས་ནི་0891-6900128རེད་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།