དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉིང་ཁྲིས་ལོ་ཚོད་ལ་སླེབས་པའི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རིན་མེད་ངང་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-20

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་ཚོད་ལ་སླེབས་པའི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རིན་མེད་ངང་རྒྱག་པའི་ལས་དོན་སྤེལ་འགོ་བཙུགས་ནས་མངལ་སྐེའི་འབྲས་སྐྲན་འགོག་བཅོས་བྱེད་རྒྱུ་དེ་ལོ་ཆུང་བར་སྔར་བས་ཕྱོགས་པ་དང་གྲོང་ཁྱེར་ཡོངས་སུ་སྔོན་དཔག་བྱས་ན་ཁྱོན་སློབ་མ་བུ་མོ་2500ལྷག་ཙམ་ལ་སྨན་ཁབ་རྒྱག་རྒྱུ་ཡིན་པ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་སློབ་འབྲིང་དུ་སྨན་དོན་མི་སྣས་རིམས་འགོག་སྨན་ཁབ་རྒྱག་པའི་བརྒྱུད་རིམ་དང་ཚད་གཞི་གཞིར་བཟུང་རིམས་འགོག་སྨན་ཁབ་རྒྱག་ཡུལ་གྱི་བདེ་ཐང་གནས་ཚུལ་འདྲི་རྩད་དང་རིམས་འགོག་སྨན་ཁབ་རྒྱག་སྐབས་དོ་སྣང་བྱེད་དགོས་ལུགས་སོགས་གསལ་བཤད་བྱས་རྗེས་རིམས་འགོག་སྨན་ཁབ་རྒྱག་གི་ཡོད་པ་རེད། རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་སྐར་མ་30ཡི་རིང་སློབ་མ་ཚོའི་གཟུགས་པོའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ་རྒྱུན་གཏན་དང་མི་འདྲ་བའི་ཚོར་སྣང་གང་ཡང་མ་བྱུང་ཚེ། གཞི་ནས་སློབ་ཁང་དུ་ལོག་ཆོག་གི་ཡོད་པ་རེད། ཉིན་དེར་བྲག་ཡིབ་སློབ་འབྲིང་གི་ལོ་ཚོད་ལ་སླེབས་པའི་སློབ་མ་བུ་མོ་ཚོས་རང་མོས་ངང་HPVཡི་རིམས་འགོག་སྨན་ཁབ་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔ་ཙམ་ནས་HPVཡི་རིམས་འགོག་སྨན་ཁབ་རྒྱག་པ་ནི་མིག་སྔར་མངལ་སྐེའི་འབྲས་སྐྲན་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པ་དང་། གཞོན་ནུ་ལོ་ཆུང་གི་བདེ་ཐང་འགན་ལེན་དེ་བས་ཡག་པོ་བྱ་ཆེད། 2022ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལོ་13ནས་14བར་གྱི་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་བུ་མོརHPVརིམས་འགོག་སྨན་ཁབ་རིན་མེད་ངང་རྒྱག་རྒྱུ་དེ་དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི་ནང་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།