ནད་རྟགས་མེད་ན་སྨན་ཟ་མི་རུང་།
ཚ་བ་གཅོག་སྨན་དང་། ཆམ་པའི་སྨན། གློ་འཇོམས་སྨན། ལུད་པ་གོག་པའི་སྨན་བཅས་ཀྱིས་ན་ཚ་ཡང་དུ་གཏོང་ཐུབ་པ་ལས། ནད་གཞི་སྔོན་འགོག་བྱེད་མི་ཐུབ། དེས་ན་ནད་རྟགས་མེད་ན་སྨན་གང་བྱུང་ཟ་མི་རུང་།
མ་གཞི་སྨན་མང་པོ་ཞིག་ནི་སྨན་ཐོ་མི་དགོས་པའི་སྨན་ཡིན་མོད། འོན་ཀྱང་གལ་ཏེ་སྨན་གང་བྱུང་བཟས་ན་ཞོར་སྐྱོན་ཐོན་ནས་མཆིན་པ་དང་མཁལ་མར་གནོད་སྲིད།
ཚ་བ་གཅོག་སྨན་དང་ཆམ་པའི་མང་སྦྱོར་སྨན(复方感冒药)མཉམ་དུ་ཟ་མི་རུང་།
ཚ་བ་གཅོག་སྨན་དང་རྒྱུན་དུ་ཟ་བའི་ཆམ་པའི་སྨན་གཉིས་དུས་གཅིག་ཏུ་ཟ་མི་རུང་ལ། ཀྲུང་ལུགས་གསོ་རིག་གི་ཆམ་པའི་སྨན་ཁག་གཅིག་དང་ཡང་མཉམ་དུ་ཟ་རྒྱུ་མེད།
ཚ་བ་གཅོག་སྨན་མི་འདྲ་བ་མཉམ་དུ་ཟ་མི་རུང་།
ཏུའེ་དབྱི་ཤན་ཨེན་ཅི་ཧྥེན(对乙酰氨基酚)དང་པུ་ལུའོ་ཧྥུན(布洛芬)གཉིས་ཀ་ཚ་བ་གཅོག་སྨན་ཡིན་པས། མཉམ་དུ་བཟས་ཚེ་དོས་དྲག་རང་བཞིན་གྱི་མཆིན་པའི་ནུས་པ་ཉམས་པའི་ནད་ཕོག་སྲིད།
སྨན་ཚད་ལས་བརྒལ་བ་ཟ་མི་རུང་།
སྨན་ཚད་ལས་བརྒལ་ཚེ་ནད་གཞི་ཡང་དུ་གཏོང་མི་ཐུབ་ལ་མགྱོགས་པོ་དྲག་པའི་ནུས་པ་ཐོན་མི་སྲིད་ལ། དེ་ལས་ལྡོག་སྟེ་ཞོར་སྐྱོན་མང་པོ་ཐོན་སྲིད།
སྨན་ཐེངས་མང་གཏོང་མི་རུང་།
སྨན་སོ་སོར་ནུས་པ་ཐོན་པའི་དུས་ཡུན་དང་ནུས་པ་ཡོལ་བའི་དུས་ཡུན་མི་གཅིག་པས། སྨན་རྫས་མི་འདྲ་བར་གཞིགས་ནས་སྨན་ཟ་བའི་དུས་ཚོད་ལྟ་དགོས། ལྷག་པར་དུ་ཚ་བ་གཅོག་སྨན་བཟས་རྗེས། ད་དུང་ཚ་བ་ཤུགས་ཆེན་པོ་རྒྱས་ནས་མ་འཇགས་པ་ཡིན་ན་བསྐྱར་དུ་ཚ་བ་གཅོག་པའི་སྨན་ཐེངས་མང་ཟ་བ་སོགས་བྱེད་མི་རུང་།
གཉན་ཁ་འཇོམས་སྨན་གང་བྱུང་ཟ་མི་རུང་།
ཏོག་གསར་གློ་ཚད་ནི་ནད་དུག་རང་བཞིན་གྱི་འགོ་ནད་ཅིག་རེད། གཉན་ཁ་འཇོམས་སྨན(ཨ་མོ་ཤིས་ལིན་阿莫西林དང་ཐོའུ་པའོ་头孢སོགས)ནི་རྒྱུན་དུ་འབུ་ཕྲའི་འགོ་ནད་འཇོམས་པར་སྤྱོད་ཀྱི་ཡོད། དེར་བརྟེན་ཏོག་གསར་གློ་ཚད་བཅོས་དུས་རྨོངས་ཚོད་ཀྱིས་གཉན་ཁ་འཇོམས་སྨན་གང་བྱུང་ཟ་མི་རུང་།
ཚ་བ་གཅོག་སྨན་དང་ཆམ་པའི་སྨན་བཟས་རྗེས་ཆང་རག་འཐུང་མི་རུང་།
སྨན་གཏོང་རིང་ཆང་རག་བཏུངས་ན་མཆིན་པར་གནོད་ཀྱི་ཡོད། ད་དུང་པུ་ལུའོ་ཧྥུན(布洛芬)གཏོང་སྐབས་ཆང་རག་འཐུང་བ་དང་ཐ་མ་འཐེན་ན་ཕོ་རྒྱུ་ནས་ཁྲག་དོན་པའི་ཉེན་ཁ་ཡོད་པས། གལ་ཏེ་སྨན་པུ་ལུའོ་ཧྥུན་བཟས་པ་ཡིན་ན། ཆང་རག་མི་འཐུང་བ་དང་ཐ་མ་འཐེན་རྒྱུ་མེད།
བྱིས་པ་དང་སྦྲུམ་མ་ལ་སོགས་ཀྱིས་ཚ་བ་གཅོག་སྨན་ཟ་སྐབས་ཡིད་གཟབ་བྱེད་དགོས།
ཉེན་ཁ་ཆུང་དུ་གཏོང་ཆེད་ཟླ་བ་དྲུག་མན་གྱི་ཕྲུ་གུ་དམར་འབྱར་དང་སྦྲུམ་མས་ཚ་བ་གཅོག་སྨན་ཏུའེ་དབྱི་ཤན་ཨེན་ཅི་ཧྥེན(对乙酰氨基酚)ཁོ་ན་ཟ་བ་ལས་པུ་ལུའོ་ཧྥུན(布洛芬)ཟ་མི་རུང་། ཟླ་བ་གསུམ་ནང་ཚུན་གྱི་ཕྲུ་གུ་དམར་འབྱར་ལ་ཚ་བ་རྒྱས་ན་ཡག་ཤོས་བྱུང་ན་སྨན་སྟེར་མི་རུང་། གལ་ཏེ་ནད་གཞི་ཚབས་ཆེན་པོ་ཡོད་ཚེ་འཕྲལ་དུ་བྱིས་པའི་ཚན་ཁག་ཏུ་སྨན་བཅོས་བྱེད་པར་འགྲོ་དགོས། རྒན་འཁོགས་ལ་ཕོ་རྒྱུ་དང་མཁལ་མའི་ནད་ཡོད་ཚེ། ཡག་ཤོས་བྱུང་ན་ཏུའེ་དབྱི་ཤན་ཨེན་ཅི་ཧྥེན(对乙酰氨基酚)སྟེར་དགོས།
དྲ་ཐོག་ཏུ་བརྒྱུད་བསྐུར་བྱེད་པའི་ཏོག་གསར་གློ་ཚད་ཀྱི་སྨན་ཟ་བའི་གོ་རིམ་ལ་བློས་འགེལ་མི་རུང་།
དྲ་ཐོག་ཏུ་བརྒྱུད་བསྐུར་བྱེད་པའི་ཏོག་གསར་གློ་ཚད་ཀྱི་སྨན་ཟ་བའི་གོ་རིམ་ཞེས་པའི་ནང་གི་སྨན་ཚང་མ་ནི་ཚ་བ་གཅོག་སྨན་དང་ཆམ་པའི་སྨན་ཡིན་པས། མི་རྣམས་ཀྱིས་རང་སོ་སོའི་ནད་རྟགས་ལ་གཞིགས་ནས་སྨན་ཟ་བ་ལས་སྨན་གང་བྱུང་མང་བྱུང་ཟ་མི་རུང་། སྨན་ཟ་སྐབས་འཕྲོད་མིན་དང་སྨན་གྱི་དུས་ཚོད་ཡོལ་ཡོད་མེད་ལ་ལྟ་དགོས།