དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངགས་བཅོལ་ཟབ་མོ་བློ་ལ་འཆང་བ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གིས་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-08

    ལོ་4ཡི་གོང་གི་སྟོན་དུས་ཀྱི་ཟླ་བ་བཅུ་པ་ཕྱིར་དྲན་བྱེད་སྐབས། བོད་ལྗོངས་མི་རིགས་སློབ་ཆེན་གྱི་མི་རིགས་ཁག་གི་དགེ་སློབ་ཚོར་ད་བར་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད།

    2018ལོའི་ཟླ་10ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་མཚོན་པའི་རྟེན་འབྲེལ་འཕྲིན་ཡིག་ལས་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཞུམ་མེད་མདུན་སྐྱོད་བྱེད་པར་ལྕག་སྐུལ་ཐེབས་ཡོད།

    ལོ་4ཡི་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་སློབ་གསོ་ཐིང་གི་མཛུབ་ཁྲིད་ཞིབ་ཚགས་འོག ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་མཐའ་འཁྱོངས། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་དེར་དམ་པོར་དམིགས་པ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་ལ་དམིགས་པ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།

    སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་པ།

    ལོ་4ཡི་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས་ཏང་འཛུགས་སྐྱོང་དང་། བསམ་བློ་ཆབ་སྲིད་ལས་དོན། སློབ་གསོའི་ཚན་ཞིབ་དོ་དམ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། “སློབ་ཚན་གྱི་བསམ་བློ་ཆབ་སྲིད”དམིགས་ཚད་དུ་བྱས་པའི་སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་ཤུགས་ཆེན་བྱས་ནས་ལོ་ལྟར་བསམ་བློ་ཆབ་སྲིད་ཀྱི་དཔེ་སྟོན་སློབ་ཚན་100བཀོད་སྒྲིག་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་ཚན་སློབ་གསོ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སློབ་ཚན་གྱི་བསམ་བློ་ཆབ་སྲིད་དང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་དང་ཁ་ཕྱོགས་གཅིག་ཏུ་མཉམ་སྐྱོད་ལ་སྐུལ་འདེད་བཏང་ནས“བསམ་བློ་ཆབ་སྲིད་ཆེ་མོའི”སློབ་ཚན་གྱི་འཐབ་ས་གཏོད་པ། “སེམས་ཁུངས་འཆར་གཞི”དམ་འཛིན་བྱ་གཞིར་བྱས་ནས“ཕྱོགས་ཡོངས་གསུམ་ནས་མི་གསོ་སྐྱོང”གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ནས་ཁུངས་འཚོལ་ར་སྤྲོད་དང་། ལེགས་སྒྲིག་ཞིབ་འཇུག ཀློག་དེབ་རྩོམ་སྒྲིག དྲིལ་བསྒྲགས་སློབ་གསོ་བཅས་ཀྱི“འདུ་འགོད་ཆེན་པོ་བཞི”འཛུགས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གྲྭའི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་གཏོད་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་བར་ཁྲིད་སྟོན་བྱས་ནས་མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སློབ་གྲྭ་དེ་ཉིད“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི”ཡིན་པའི་མིང་བྱང་གང་ལེགས་མངོན་པར་བྱས་ཡོད།

    སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

    ལོ་4ཡི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དགོངས་དོན་གྱི་མཛུབ་ཁྲིད་འོག སློབ་གྲྭས་ཧྲའན་ཤིས་སུ་གཞི་ཚུགས་པ་དང་། བོད་ལ་ཁ་ཕྱོགས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སློབ་གཉེར་དམིགས་ཡུལ་མཐའ་འཁྱོངས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་བྱས་ཏེ་སློབ་གྲྭའི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་ཐད་རྒྱུན་མཐུད་གསར་གཏོད་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཚན་རིག་ཞིབ་འཇུག་ཐད་གྲུབ་འབྲས་བཟང་པོ་ཡང་ཡང་གཏོད་པ། རིག་ཚན་འཛུགས་སྐྱོང་ལེགས་སྒྲིག་དང་ལེགས་སུ་གཏོང་བ། ལས་ཞུགས་ཐུབ་ཚད་རྒྱུན་མཐུད་མདུན་གྲལ་དུ་སླེབས་པ་བཅས་བྱས་ཡོད།

    ཤེས་ལྡན་མི་སྣ་གསོ་སྐྱོང་ཐད། སློབ་གྲྭས་ཕུལ་བྱུང་ལ་རོགས་སྐྱོར་དང་། དམིགས་བསལ་ལ་རོགས་སྐྱོར། དགོས་མཁོ་ཡོད་མཁན་ལ་རོགས་སྐྱོར་བཅས་རྩ་དོན་དུ་བྱེད་པ་དང་ལས་ཞུགས་ཕྱོགས་སྟོན་དུ་འཛིན་ཏེ། རིག་གཞུང་ཚན་ཁག་གི་ཆེད་ལས་ལེགས་སྒྲིག་དང་ལེགས་འགྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། “སྒོ་རྒྱག་དང་། ཟླ་སྒྲིལ། ཉུང་འཕྲི། འཕར་སྣོན། གཞན་སྒྱུར”བཅས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱེད་པ། གྲུབ་ཚུལ་ལུགས་མཐུན་དང་། ལེགས་ཆ་འབུར་དུ་ཐོན་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རིག་གཞུང་ཚན་ཁག་གི་ཆེད་ལས་མ་ལག་འཛུགས་པ། དངོས་གཞི་དང་། རབ་འབྱམས་པ། འབུམ་རམས་པ་བཅས་གཞི་གཅིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་ཆགས་པ་བཅས་བྱས་ནས། སློབ་གྲྭ་ཡོངས་སུ་ད་ཡོད་ཀྱི་སློབ་གླིང(པུའུ)14དང་། འབུམ་རམས་པའི་སློབ་གནས་རིམ་པ་དང་པོའི་རིག་ཚན་དོ་དམ་བྱེད་དབང་ལྡན་པའི་ས་ཚིགས་1 རབ་འབྱམས་པའི་རིམ་པ་དང་པོའི་རིག་ཚན་དོ་དམ་བྱེད་དབང་ལྡན་པའི་ས་ཚིགས་13 རབ་འབྱམས་པའི་ཆེད་ལས་སློབ་གནས་ཀྱི་དོ་དམ་བྱེད་དབང་ལྡན་པའི་ས་ཚིགས་19 དངོས་གཞིའི་ཚན་ཁག་གི་ཆེད་ལས་61 འབུམ་རམས་པའི་གསར་གཏོད་ལག་ལེན་རྟེན་གཞི་1 རྒྱལ་ཁབ་ཀྱི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས་2 རྒྱལ་ཁབ་རིམ་པའི་ཆེད་ལས་རྩེ་གྲ་7བཅས་ཡོད་པ་རེད།

    ལོ་ཤས་རིང་གི་གསོག་འཇོག་བརྒྱུད། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་དེ་བོད་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་གི་རྟེན་གཞི་གལ་ཆེན་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གནས་གལ་ཆེན་ཞིག་ཏུ་གྱུར་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས། ས་མཐོའི་གསོ་རིག བོད་སྨན་ཞིབ་དཔྱད་ཚད་ལེན། བོད་ཀྱི་ཆུའི་སྦགས་བཙོག་ཚོད་འཛིན་དང་ཉམས་གསོ་སོགས་ཀྱི་ཐད་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་པ། སློབ་གྲྭས་སྣེ་ཁྲིད་དེ་བཙུགས་པའི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་མཐུན་སྦྱོར་གསར་གཏོད་ལྟེ་གནས་དེ་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་ཇུས་འདོན་ཚོགས་པ་རྩེ་གྲ་བརྒྱའི་ནང་ཚུད་ཡོད་པ་རེད།

    མི་སྣ་གསོ་སྐྱོང་གི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ།

    འདི་ལོའི་དབྱར་གསེང་རིང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་ཁྲིད་ཐོག་ཁང་Aརུ་རིག་ལྡན་སློབ་ཁང་ཁག་གཅིག་གསར་སྐྲུན་བྱས་པར་སློབ་གྲྭ་ཡོངས་ཀྱི་རིག་ལྡན་སློབ་ཁང་69ཟིན་པ་དེས་སློབ་ཁང་བསྡོམས་འབོར་གྱི་35%བཟུང་ནས་བོད་ཀྱི་མཐོ་སློབ་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ཧྲའན་ཤིས་ཞིང་ཆེན་ཤིས་ཞན་ཁུལ་གསར་ལན་ཁྲེ་ལམ་བཞི་པར་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ཆིན་ཧན་སློབ་ཁུལ་ནི་ས་གནས་དེ་གའི་མིའི་མིག་ནང་གི་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་ཤིག་རེད། “རུའུ་ཡ་ཧན་གྱི་རྣམ་པ་དང་། ཉམས་བཟང་ཐང་ཆེན། མཛེས་སྡུག་ལྡན་པའི་བོད་བཟོ”བཅས་གཞི་གཅིག་ཏུ་འདུས་པའི་སྐྲུན་དངོས་དེ་2020ལོའི་ཟླ་7པར་དངོས་སུ་སྤྱོད་འགོ་ཚུགས་ནས་སློབ་གྲྭའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལེའུ་གསར་པ་ཞིག་བཏོད་ཡོད། 2022ལོའི་ཟླ་9པར། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.3བཏང་བའི་བོད་ལྗོངས་མི་རིགས་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།

    རིག་ནུས་སློབ་ཁང་དང་། ཆིན་ཧན་རྒྱལ་རབས་ཀྱི་སློབ་ཁུལ་དང་ཞོར་གཏོགས་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་བཅས་མཚོན་བྱེད་དུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རབ་དང་རིམ་པ་དེས། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་བཏོད་ཡོད། ལོ་4ཡི་རིང་། སློབ་གཉེར་ཁོར་ཡུག་ཡག་པོ་དང་། ཕུན་སུམ་ཚོགས་པའི་དཔེ་དེབ་ཐོན་ཁུངས། ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དང་ཆ་འཕྲིན་ཅན་གྱི་དོ་དམ་བཅས་བྱས་པས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། སློབ་གྲྭ་དེ“རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ”དང་། “སློབ་གསོ་པུའི་ཁག་དང་པོའི་སློབ་གསོ་ཆ་འཕྲིན་ཅན་གྱི་ཚོད་ལྟའི་ཕུལ་བྱུང་ཚན་པ” “ཁག་དང་པོའི་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་གཏོད་སློབ་གསོའི་ལག་ལེན་རྟེན་གཞི་འཛུགས་སྐྲུན་ཚན་པ”སོགས་ལ་སྔ་རྗེས་སུ་བདམས་ཡོད།

    ཡར་བརྩོན་གྱི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་། བོད་ཀྱི་ཁྱད་ཆོས། ས་ཁོངས་རྩེ་གྲ་བཅས་ཀྱི་དེང་རབས་ཅན་གྱི་སློབ་ཆེན་གྱི་རྒྱང་ལམ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།