དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁག་དང་པོའི་སློབ་གྲྭ་གསུམ་བདེ་བླག་ངང་སློབ་འགོ་བསྐྱར་དུ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-05

    ཟླ་10ཚེས་31ཉིན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སློབ་ཆུང་གསུམ(ལྷན་ཤང་ལྟེ་བའི་སློབ་ཆུང་དང་། ལྷན་ཤང་ཧྭ་ཞ་ཕུགས་རེའི་སློབ་ཆུང་། གདོང་དཀར་ཤང་ཆིང་ཡོན་སློབ་ཆུང)གྱི་ལོ་རིམ་དྲུག་པའི་སློབ་མས་དྲོ་ཞིང་འཇམ་པའི་ཉི་འོད་བསུས་ནས་སློབ་གྲྭར་ལོག་པ་རེད།

    སློབ་ཕྲུག་ཚོ་བདེ་བླག་ངང་སློབ་གྲྭར་ཕྱིར་ལོག་བྱ་ཆེད། སློབ་གྲྭ་གསུམ་གྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་བསྐྱར་ཚུགས་ཀྱི་གཞི་རྩའི་ཆ་རྐྱེན་དང་དེ་བཞིན་འབྲེལ་ཡོད་བླང་བྱ་གཞིར་བཟུང་། དགེ་རྒན་དང་ལས་བཟོ་ཚོའི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཉིང་སྐྱུར་བརྟག་དཔྱད། འཕྲལ་སྡོམ་ཐག་གཅོད། དངོས་ཟོག་འགན་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་ཆེད་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། མི་སྣ་གྲལ་བཤེར་དང་བྱེད་སྒོ་སྤེལ་ཡུལ་གྱི་དུག་སེལ་དང་དེ་བཞིན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཞིབ་ཕྲ་དང་ཏན་ཏིག་བསྒྲུབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་21ནས་30ཉིན་བར། སློབ་གྲྭ་གསུམ་གྱིས་སློབ་འགོ་བསྐྱར་ཚུགས་ཀྱི་བདེ་འཇགས་དཔྱད་དཔོག་བརྒྱུད། བསམ་གྲུབ་རྩེ་ཆུས་ཀྱི་སློབ་འགོ་བསྐྱར་ཚུགས་བྱེད་མཁན་ཁག་དང་པོར་གྱུར་ཡོད་པ་རེད།

    སློབ་གྲྭར་ཕྱིར་ལོག་བྱེད་པའི་ཉིན་དེར་བསམ་གྲུབ་རྩེ་ཆུས་དང་དེ་བཞིན་ལྗོངས་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་ཆུང་གཉིས་སུ་དབྱེ་ནས་ལྷན་ཤང་དང་གདོང་དཀར་ཤང་གི་གྲོང་ཚོ་22སུ་བསྐྱོད་དེ། སློབ་གྲྭར་ལོག་པའི་ཆ་རྐྱེན་འཛོམས་པའི་སློབ་མ་161སློབ་གྲྭར་བསུས་པ་དང་། ཤང་སྲིད་གཞུང་དང་དེ་བཞིན་མངགས་གཏོང་ཁང་དང་། འཕྲོད་བསྟེན་ཁང་། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་སློབ་མ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་གྲྭར་ལོག་ཐུབ་པའི་འགན་ལེན་བྱས་པ་རེད།

    མིག་སྔར་བསམ་གྲུབ་རྩེ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་20ཡི་སློབ་འགོ་བསྐྱར་ཚུགས་ཀྱི་གྲ་སྒྲིག་ལས་དོན་དེ་འབྲེལ་ཡོད་བླང་བྱ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།