དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གྲོང་རྡལ་རིམ་པའི་གློག་རྡུལ་སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་མ་ལག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-11

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་གྱིས“དྲ་སྦྲེལ་དང་སྨན་བཅོས་འགན་བཅོལ་ཟུང་དུ་འབྲེལ་བའི”དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། སྣང་རྫོང་དུ་གྲོང་རྡལ་རིམ་པའི་གློག་རྡུལ་སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་མ་ལག་སྔོན་ལ་བཏོད་པ་དང་འབྲེལ། “ཨང་རྟགས་གཅིག་ཡོད་ན་སྨན་བཅོས་འགན་བཅོལ་ལ་སེམས་ཁྲལ་མེད་པའི”གློག་རྡུལ་སྨན་བཅོས་འགན་བཅོལ་གཱ་ཡི་ནུས་སློང་བྱེད་སྒོ་ཧུར་ཐག་སྤེལ་ནས་གློག་རྡུལ་སྨན་བཅོས་འགན་བཅོལ་ནུས་པ་སློང་ཚད་དང་བསྡོམས་རྩིས་རྒྱག་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་སྨན་བཅོས་ཞབས་ཞུའི་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།

    དུང་དཀར་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་གློག་རྡུལ་སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་མ་ལག་བྱང་ཆུབ་པའི་ངང་སྤྱོད་བཞིན་པའི་སྨན་དོན་མི་སྣས“ཚན་རིག་ཁྱབ་གདལ་བ”བྱས་ཏེ་གཅིག་གཏད་གཅིག་དང་ངོ་ཐུག་གདོང་འཕྲད་ངང་སྨན་བཅོས་བྱེད་པར་ཡོང་མཁན་མང་ཚོགས་ཚོར་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དང་བརྒྱུད་རིམ་གསལ་སྟོན་འགྲེལ་བཤད་བརྒྱབ་པ་དང་། སྤྱི་ཚོགས་འགན་བཅོལ་གཱ་ཡིས་སྨན་བཅོས་སྨན་ཉོས་ནས་སྨན་རིན་རྩིས་རྒྱག་དང་། སྤྱི་ཚོགས་འགན་བཅོལ་ཐོབ་ཐང་། དམངས་འཚོའི་ཞབས་ཞུའི་གྲོན་འཇལ་སོགས་ཐད་ཀྱི་བེད་སྤྱོད་བྱེད་སྟངས་སྤྱད་ནས་ཁོང་ཚོར་ཇི་ལྟར་བྱས་ཏེ་སྟབས་བདེ་དང་མགྱོགས་མྱུར་ངང་ནད་ལྟ་བ་དང་སྨན་བཅོས་བྱེད་སྟངས་སློབ་ཀྱི་ཡོད་པ་རེད། སྨན་དོན་མི་སྣའི་རོགས་རམ་འོག་མང་ཚོགས་ཀྱི་སྨན་བཅོས་བརྒྱུད་རིམ་སྟབས་བདེ་རུ་ཕྱིན་པ་མ་ཟད། གློག་རྡུལ་སྨན་བཅོས་འགན་བཅོལ་གཱ་ཡི་ནུས་སློང་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དུང་དཀར་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ད་དུང་སྐད་འཕྲིན་གྱི་སྤྱི་རྟགས་དང་། ས་གནས་ས་ཐོག་གི་བློ་འདྲི། མགོ་སྦྲེལ་བྱེད་རོགས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། མང་ཚོགས་ཚོས་སྨན་བཅོས་འགན་བཅོལ་གཱ་ཡི་གློག་རྡུལ་དཔང་འཛིན་ལེན་པའི་བརྒྱུད་རིམ་དང་བེད་སྤྱོད་གསལ་བཤད་ཤེས་རྟོགས་ཐུབ་པར་བྱས་ནས་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་གློག་རྡུལ་སྨན་བཅོས་འགན་བཅོལ་གཱ་རེ་ཞུ་དང་། ནུས་སློང་། བེད་སྤྱོད་བཅས་ལ་ཁྲིད་སྟོན་བྱས་པས། ཚང་མར་གློག་རྡུལ་སྨན་བཅོས་འགན་བཅོལ་གཱ་སྟབས་བདེ་དང་མགྱོགས་མྱུར་ངང་སྤྱོད་ཐུབ་པའི་མྱོང་ཚོར་བྱུང་བ་དང“ཨང་རྟགས་གཅིག་ཡོད་ན་སྨན་བཅོས་འགན་བཅོལ་ལ་སེམས་ཁྲལ་མེད་པའི”མྱོང་ཚོར་ཟབ་མོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།