“འདི་ནི‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་ཧུར་ཐག་གཏོད’ཅེས་པ་ནང་དོན་གཙོ་བོར་བྱས་པའི་ཡིག་གཟུགས་བརྩམས་ཆོས་དང་། འདི་ནི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད’ཅེས་པ་ནང་དོན་གཙོ་བོར་བྱས་པའི་ཡིག་གཟུགས་བརྩམས་ཆོས་རེད”ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་ལྷ་ཁང་གི་མི་རིགས་མཐུན་སྒྲིལ་ཡིག་གཟུགས་ཁང་དུ་དགེ་འདུན་པ་གཡུང་དྲུང་གིས་གསར་འགོད་པར་ཡིག་གཟུགས་ཁང་ནང་བཀལ་བའི་བརྩམས་ཆོས་40ལྷག་ཙམ་གྱི་ནང་དོན་རེ་རེ་བཞིན་ངོ་སྤྲོད་བྱས།
སྒྲོག་ཙེའི་སྟེང་དུ་མཐའ་རྒྱན་སྤྲོད་རྒྱུ་ཡིན་པའི་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་མང་པོ་ཞིག་བཞག་འདུག གཡུང་དྲུང་གིས་མཐོ་ཤོས་སུ་བཀལ་བའི་བརྩམས་ཆོས་ཞིག་ལ་མཛུབ་མོ་འཛུགས་བཞིན་དུ“ལྗོངས་ཡོངས་ཀྱིས‘འདུ་ཤེས་གསུམ’གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་ལ། ང་ཚོས་ཀྱང་གཞན་གྱི་རྗེས་སུ་མ་ལུས་པ་བྱེད་ཀྱི་ཡོད། ཁ་ས་རང‘རྒྱལ་ཁབ་ཀྱི་འདུ་ཤེས’དང་། ‘སྤྱི་དམངས་ཀྱི་འདུ་ཤེས’ ‘ཁྲིམས་སྐྱོང་གི་འདུ་ཤེས’ཞེས་པའི་བོད་ཡིག་འབྲི་སྟངས་སྦྱངས་པ་ཡིན”ཞེས་བཤད།
“ངས་མི་རིགས་མཐུན་སྒྲིལ་ཞེས་པ་དང‘འདུ་ཤེས་གསུམ’ཞེས་པའི་ནང་དོན་དག་གཙོ་བོར་བཟུང་ནས་བོད་ཡིག་ཡིག་གཟུགས་བརྩམས་ཆོས་རྩོམ་པ་མཐོང་སྐབས། དགོན་པའི་དགེ་འདུན་པ་གཞན་དག་ཚོས་ཀྱང་དགའ་ཚོར་ཆེན་པོས་དེ་གར་ཡོང་སྟེ། ནང་དོན་དེ་དག་གཙོ་བོར་བཟུང་ནས་བོད་ཡིག་ཡིག་གཟུགས་སྦྱོང་གི་འདུག ཡིག་གཟུགས་སྦྱངས་པ་དང་ཆབས་ཅིག་ང་ཚོས་ནང་དོན་དེ་དག་ཀྱང་བློ་ལ་བརྟན་པོ་ངེས་ཀྱི་ཡོད”ཅེས་གཡུང་དྲུང་གིས་བཤད།
བྲག་ཡིབ་ཆུས་བླ་མ་གླིང་དགོན་གྱི་ན་གཞོན་དགེ་འདུན་པ་གསང་སྔགས་ཉི་མ་ནི་བྲག་ཡིབ་ཆུས་ཀྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་སྒྲོག་འགྲེལ་པ་ཞིག་རེད། རྒྱ་སྐད་ཆུ་རྒྱུག་རྒྱུག་ཤོད་ཤེས་པའི་ཁོང་གིས་དྲིལ་བསྒྲགས་བྱ་ཐབས་གཞན་ཞིག་ལ་བརྟེན་ནས་སྒྲོག་འགྲེལ་བྱ་རྒྱུའི་སྟ་གོན་བྱེད་བཞིན་མཆིས།
“ད་ཐེངས་ངས་སྐད་གཉིས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱ་རྒྱུའི་ནང་དོན་གྲ་སྒྲིག་བྱས་པ་མ་ཟད། ད་དུང་གོ་བདེ་ཤེས་སླའི་གཏམ་རྒྱུད་ཐུང་ཐུང་ཁག་གཅིག་བཤད་དེ། ཚང་མར‘རྒྱལ་ཁབ་ཀྱི་འདུ་ཤེས’ཞེས་པ་དང་། ‘སྤྱི་དམངས་ཀྱི་འདུ་ཤེས’ཞེས་པ། ‘ཁྲིམས་སྐྱོང་གི་འདུ་ཤེས’ཞེས་པ་གང་ཞིག་ལ་ཟེར་བ་འགྲེལ་བཤད་རྒྱག་རྩིས་ཀྱང་ཡོད། དེ་ལྟར་བྱས་ཚེ་ཁོང་ཚོས་གོ་ཤེས་གསལ་པོ་ཐུབ་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཡང་གཏོང་ཐུབ། ‘འདུ་ཤེས་གསུམ’གྱི་གོ་དོན་གསལ་འགྲེལ་བྱེད་དགོས་པ་ཕུད། ངས་བྱས་ན་ད་དུང་གལ་ཆེ་ཤོས་ཤིག་ལ་ཚང་མར་ལག་ལེན་ཇི་ལྟར་བསྟར་དགོས་ལུགས་ཀྱང་ཤོད་དགོས་ཀྱི་འདུག”ཅེས་གསང་སྔགས་ཉི་མས་བཤད།
བྲག་ཡིབ་ཆུས་ཀྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཅིན་ཐའོ་ཡིས། དགོན་པའི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་འགན་ལེན་བྱེད་ཆེད། ཆུས་ཀྱིས་ཆེད་མངགས་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ། སྒྲོག་འགྲེལ་པ་རྣམས་ལ་དཔེ་ཆ་ཁང་དང་གྲྭ་ཤག་ཏུ་བསྐྱོད་དེ་བབ་བསྟུན་སྒྲོག་འགྲེལ་བྱེད་པ་ཁྲིད་སྟོན་དང་། ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གཏིང་ཟབ། འབྲེལ་གཏུག་དམ་ཟབ་ཀྱི་ཐབས་ལ་བརྟེན་ནས་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་སྔར་བས་རང་རྟོགས་ངང“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ནང་ཞུགས་རྒྱུའི་སྐུལ་ཁྲིད་བཅས་བྱས་ནས“འདུ་ཤེས་གསུམ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་འབྲེལ་བྱ་སྤྱོད་ངོ་མའི་ཐོག་ནས“འདུ་ཤེས་གསུམ”ལག་ལེན་ཡང་བསྟར་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།