དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ད་ལོའི་བྱ་གཞག་ཚན་པར་ལས་མི་བསྡུ་བའི་ངོ་རྒྱུགས་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-27

    2022ལོའི་བྱ་གཞག་ཚན་པར་ཡོངས་བསྒྲགས་ངང་ལས་མི་བསྡུ་བའི་ངོ་རྒྱུགས་ནར་འགྱངས་བྱས་པའི་སྐོར་གྱི་

    ལྷ་ས་གྲོང་ཁྱེར་གྱི་བརྡ་ཐོ། 

    རྒྱུགས་སྤྲོད་སློབ་མ་རྣམས་ལ། 

      ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། 2022ལོའི་ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པར་ཡོངས་བསྒྲགས་ངང་ལས་མི་བསྡུ་བའི་ངོ་རྒྱུགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་རྒྱུགས་སྤྲོད་སློབ་མ་2022ལོའི་ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པར་ཡོངས་བསྒྲགས་ངང་ལས་མི་བསྡུ་བའི་དུས་ཁག་དང་པོར་ཞུགས་པའི་ངོ་རྒྱུགས་ཀྱི་དུས་ཚོད་ནར་འགྱངས་བྱེད་རྒྱུའི་གཏན་འབེབས་བྱས་ཡོད། ངོ་རྒྱུགས་ཀྱི་དུས་ཚོད་ནར་འགྱངས་བྱས་པ་ལས་རྒྱུགས་སྤྲོད་སློབ་མར་སྟབས་མི་བདེ་བ་བྱུང་བར་བསམ་ཤེས་ཡོད་པ་ཞུ། 

      ངོ་རྒྱུགས་ཀྱི་དུས་ཚོད་རང་སྐྱོང་ལྗོངས་ཀྱི་ངོ་རྒྱུགས་ཡིག་རྒྱུགས་དུས་ཁག་གཉིས་པའི་དུས་ཚོད་གཞིར་འཛིན་རྒྱུ་མ་ཟད།  རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ཏེ་ཞིབ་འཇུག་གཏན་འབེབས་བྱས་རྗེས།  སྔ་སྣུར་དུ་ལྷ་ས་གྲོང་ཁྱེར་མི་སྤྱིའི་སྐད་འཕྲིན་སྤྱི་རྟགས་སུ་ཡོངས་བསྒྲགས་བྱེད་རྒྱུ་ཡིན་པས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་འབྲེལ་ཡོད་ཆ་འཕྲིན་ལ་དོ་ཁུར་བྱེད་དགོས་པ་མ་ཟད།  རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རང་ངོས་འགོག་སྲུང་ཡག་པོ་བྱས་ཏེ། དགོས་མེད་ཀྱི་འགྲོ་འོང་བྱ་མི་རུང་། 

     ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ནས། 

    2022ལོའི་ཟླ་9ཚེས་26ཉིན།  

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།