དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷོ་ཁ་གྲོང་ཁྱེར་གྱིས་རིམས་ནད་མེད་པའི་སྡེ་ཁུལ (གྲོང་ཚོ)དང་ཁུལ་ཆུང་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-18

    ཉིན་ཤས་བསྟུད་མར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང“རིམས་ནད་མེད་པའི་སྡེ་ཁུལ(གྲོང་ཚོ)”དང་། “རིམས་ནད་མེད་པའི་ཁུལ་ཆུང”གཏོད་པའི་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་མུ་མཐུད་ཆེ་རུ་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་སྡེ་ཁུལ(གྲོང་ཚོ)ཁག་དང་ཁུལ་ཆུང་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱས་ནས། སྡེ་ཁུལ(གྲོང་ཚོ)ཁག་དང་ཁུལ་ཆུང་ཁག་གིས་སྙན་ཞུ་ཕུལ་བ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་རྫོང(ཆུས)གིས་རིམ་པ་བཞིན་ཞིབ་བསྡུར་དཔྱད་བཤེར་བྱེད་པ། གྲོང་ཁྱེར་གྱི་སྡེ་ཁུལ་སྔོན་འགོག་ཚོད་འཛིན་ཚོགས་ཆུང་གིས་ཞིབ་བསྡུར་གཏན་འཁེལ་བྱེད་པ། གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བཅས་བྱས་ནས་རིམ་པ་བཞིན་གཏན་འཁེལ་དང་རིམ་པ་བཞིན་དབྱེ་བཤེར་བྱས་རྗེས་ཁུལ་ཆུང་10ཁག་དང་པོའི“རིམས་ནད་མེད་པའི་སྡེ་ཁུལ(གྲོང་ཚོ)འཛུགས་སྐྲུན་དཔེ་སྟོན་ཁུལ”དུ་བདམས་པ་རེད།

    “རིམས་ནད་མེད་པའི་གྲོང་ཚོ”ཞིག་ཡིན་པའི་ངོས་ནས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོས“ཞིབ་བཤེར་གསུམ་དང་། འདྲི་རྩད་གཉིས། རྟགས་བཤེར་གཅིག ཚད་ལེན་གཅིག ཉིང་སྐྱུར་བརྟག་དཔྱད་གཅིག”བཅས་ཀྱི་བླང་བྱ་ལྟར་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ“གྲོང་ཚོ་ནས་མི་དོན་པ་དང་འདུ་འཛོམས་གཏན་འགོག”འགན་ལེན་དང་། གྲལ་བཤེར་དང་། ས་ཚིགས་སྲུང་བ། འགན་ལེན། དུག་སེལ། དྲིལ་བསྒྲགས། བརྟག་དཔྱད། ཐོ་འགོད་པ་སོགས་ཀྱི་འགན་འཁྲི་ཁག་ཁ་གསལ་བཟོས་པ། གྲོང་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་འགྲོ་སྐྱོད་སྟབས་མི་བདེ་བའི་མི་སྣ་ཤེས་པ་བྱས་ནས་སྒོ་རྩར་ཉིང་སྐྱུར་དཔེ་ལེན་བྱེད་པ། ཁོར་ཡུག་ལ་དུག་སེལ་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་གྱི་ལས་དོན་ཕྱོགས་ཡོངས་དང་མཐར་ཕྱིན་པ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།