དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁུལ་ཆུང་འདི་དག་ལ་རིམས་ནད་མི་ཐོན་པའི་རྒྱུ་མཚན་ནི……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-13

    ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། དང་བླངས་པ། གྲོང་མི་བཅས་ཀྱི་གཞོགས་འདེགས་ཧུར་ཐག་འོག བོད་ཀྱི་ས་ཆ་ཁག་ཏུ་སྒྲིག་འཛུགས་ནུས་ལྡན་དང་། བྱ་ཐབས་གནད་སྨིན། སྒྲིག་ལམ་ལེགས་པ། དུག་སེལ་ཚད་ལྡན། ཞབས་འདེགས་སྤུས་ལེགས། མང་ཚོགས་ཚོས་གཞོགས་འདེགས་བྱེད་པ་བཅས་ཀྱི“རིམས་ནད་མེད་པའི་གྲོང་ཚོ(སྡེ་ཁུལ)”དང“རིམས་ནད་མེད་པའི་ཁུལ་ཆུང”ཁག་གཅིག་ཐོན་ཡོད། 

    ལྷ་ས།

    རིམས་ནད་ཐོན་པ་ནས་བཟུང་། སྣེའུ་ཁུལ་གསར་གྱི་ཤེས་ལྡན་པའི་སྤྱི་ཤག་གི་ལས་དོན་པ་དང་། དང་བླངས་པ། ཁུལ་ཆུང་གི་སྡེ་བདག་བཅས་ཀྱིས་བཀའ་རྒྱ་ཐོས་འཕྲལ་བྱ་སྤྱོད་སྤེལ་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བྱས་ནས། “རིམས་ནད་མེད་པའི་ཁུལ་ཆུང”འཛུགས་གཏོད་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། 

    啦1.gif

    སྣེའུ་ཁུལ་གསར་གྱི་ཤེས་ལྡན་པའི་སྤྱི་ཤག་ཏུ་ད་ཆ་དུད་ཚང་180དང་རྒྱུན་སྡོད་བྱེད་མི་235ཡོད་ཅིང་། རིམས་ནད་ཐོན་པ་ནས་བཟུང་། སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་དང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ། ལྷ་སའི་མཐོ་གསར་མ་རྐང་ཚོད་འཛིན་ཚོགས་པ་བཅས་ཀྱིས་ལས་དོན་པ་སྣེའུ་ཁུལ་གསར་གྱི་ཤེས་ལྡན་པའི་སྤྱི་ཤག་ཏུ་ལས་དོན་སྒྲུབ་པར་མངགས་པ་རེད། ཁོ་ཚོས་རང་འགུལ་ངང་ཉིང་སྐྱུར་མ་དཔེ་བསྡུ་ལེན་དང་། སྒྲིག་ལམ་སྲུང་སྐྱོང་། ཉེན་ཁ་གྲལ་བཤེར་ཐོ་འགོད། ཐོན་སྒོ་དང་འཛུལ་སྒོར་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་ཀ་དང་དུ་བླངས་པ་དང་ཆབས་ཅིག བྱེད་ཐབས་སྣ་ཚོགས་སྤྱད་ནས་རིམས་འགོག་དྲིལ་བསྒྲགས་དང་བདེ་ཐང་གི་དྲན་སྐུལ་བྱས་ཏེ། གྲོང་མི་ཚོར་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་འཁྲུད་པ། ཕྱིར་ཉུང་ཙམ་དོན་པ། འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་བརྒྱུད་སྤེལ་མི་བྱེད་པ། སེམས་པ་གུ་ཡངས་པོ་བྱེད་པ། རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱེད་པའི་འབོད་སྐུལ་བྱས་པས། རིམས་ནད་ཐོན་རིང་ཁུལ་ཆུང་གི་དོ་དམ“སྡེ་ཁུལ་ལ་བརྟེན་ནས་དོ་དམ་བྱེད་པ”ནས“རང་བརྟེན་ངང་མཉམ་དུ་དོ་དམ་བྱེད་པའི”བར་འགྱུར་ལྡོག་བྱུང་ཡོད། 

    啦2.gif

    སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་ལས་དོན་པ་སྣེའུ་ཁུལ་གསར་གྱི་ཤེས་ལྡན་པའི་སྤྱི་ཤག་ཏུ་བཅའ་སྡོད་ས་ཚིགས་ཀྱི་ཙུའུ་ཀྲང་མཁའ་འགྲོས། ང་ཚོས་ཉིན་ལྟར་ཆེད་མི་བཀོད་སྒྲིག་བྱས་ནས་ཁུལ་ཆུང་ལ་ཕྱོགས་ཡོངས་ནས་དུག་སེལ་དང་། ཁུལ་ཆུང་ནས་འགྲོ་འོང་བྱེད་མཁན་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱེད་པ་མ་ཟད། ད་དུང་འགྲོ་འོང་བྱེད་མཁན་དང་དབོར་འདྲེན་བྱེད་རྒྱུའི་དངོས་ཟོག་ལ་དུག་སེལ་བྱས་རྗེས་གཞི་ནས་ཁུལ་ཆུང་ནས་གཏོང་གི་ཡོད་ཅེས་བཤད། 

    啦3.gif

    啦4.gif

    ལྷོ་ཁ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་མེ་ཏོག་ལྡུམ་རའི་ཁུལ་ཆུང་དེ་འཁྲུག་ཆ་དོད་པའི་ཁྲོམ་གཞུང་དུ་གནས་ཤིང་། ཕྱོགས་བཞིར་བཟའ་འཐུང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་མང་པོ་ཡོད་པས། དེ་ནི་ལྷོ་ཁའི་གྲོང་ཁུལ་གཙོ་བོའི་མི་འགྲོ་འོང་མང་ཤོས་བྱེད་པའི་ཚོང་ལས་ཁུལ་གྱི་གྲས་ཤིག་རེད། འོན་ཀྱང་མིག་སྔའི་བར་ཁུལ་ཆུང་དེར་གདགས་གཤིས་ཀྱི་ནད་པ་གཅིག་ཀྱང་ཐོན་མེད། དེ་ནི་ཁུལ་ཆུང་དུ་སྡོད་མཁན་ཚོས“ཕྱིར་མི་དོན་པ”མཐའ་འཁྱོངས་དང་། ཚང་མས་དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་པ། ཉེན་ཁ་ཡོད་མཁན་སྣ་ཚོགས་ལ་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱས་པ། དུག་སེལ་ཡང་སེ་བྱས་པ་བཅས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། 

    山1.png

    ཁུལ་ཆུང་གི་གྲོང་མི་པ་སངས་དབང་མོས། ང་ཚོའི་གྲོང་པ་ཁྱིམ་མཚེས་ཕན་ཚུན་ཚང་མ་མཐུན་སྒྲིལ་ཧ་ཅང་ཟབ་པོ་ཡོད་ཅིང་། རིམས་ནད་ཐོན་རིང་། ང་ཚོས་བོད་ལྗོངས་ཉིན་རེའི་ཚགས་པར་དང་ལྷོ་ཁ་གྲོང་ཁྱེར་དྲིལ་བསྒྲགས་པུའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ལ་དོ་ཁུར་བྱས་ཏེ། རིམས་འགོག་སྲིད་ཇུས་ཁག་ལ་བརྩི་སྲུང་ནན་པོ་ཞུས་པ་མ་ཟད། ཕན་ཚུན་རོགས་རམ་དང་སྐུལ་མ་གཏོང་གི་ཡོད། ཁུལ་ཆུང་གི་ལས་དོན་པས་འགན་འཁྲི་ཡག་པོ་འཁུར་བ་དང་སེམས་ཚ་འཁོལ་བའི་ཁྱིམ་མཚེས་ཁག་གཅིག་གིས་དང་བླངས་པ་བྱས་ཏེ་ཚང་མར་ཞབས་འདེགས་ཞུ་ཡི་ཡོད། ཁོ་ཚོས་ཉིན་ལྟར་ཁུལ་ཆུང་གི་སྒོ་ཁར་ལས་རེས་བྱེད་ཅིང་། ཁུལ་ཆུང་ནས་འགྲོ་འོང་བྱེད་མཁན་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་དུག་སེལ་ཡང་སེ་བྱེད་ཀྱི་འདུག དེ་བས་ཁྱིམ་ཚང་གང་རུང་གིས་ཅ་དངོས་ཉོས་ཚེ། ཁོང་རྣམ་པས་ལམ་སེང་དུག་སེལ་བྱེད་པས། ཁོང་རྣམ་པ་ཡོད་ཙང་ང་ཚོ་ཚང་མ་བློ་བདེ་པོ་འདུག་ཅེས་བཤད།

    山2.png

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།