དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ནག་ཆུར་རོགས་སྐྱོར་བྱེད་མཁན་ལེའོ་ཉིང་ཞིང་ཆེན་གྱི་སྨན་བཅོས་ཚོགས་ཆུང་གིས་འཐབ་ས་དང་པོར་འབད་འཐབ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-10

    ཟླ་8ཚེས་18ཉིན་ནག་ཆུར་རོགས་སྐྱོར་བྱེད་པར་སླེབས་ཚུན་ལེའོ་ཉིང་ཞིང་ཆེན་གྱི་སྨན་བཅོས་ཚོགས་ཆུང་གི་ཁོངས་མིས་ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཉིན་མཚན་བསྟུད་མར་འབད་འཐབ་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱས་པ་དང་། རིམས་དཔྱད་ཁུངས་འདེད་ལས་དོན་ཚད་ལྡན་དང་ལས་ཆོད་ཆེ་བའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུར་རོགས་སྐྱོར་བྱེད་མཁན་ལེའོ་ཉིང་ཞིང་ཆེན་གྱི་སྨན་བཅོས་ཚོགས་ཆུང་གི་ཉིང་སྐྱུར་བརྟག་དཔྱད་རིགས་གཅིག་མཁས་ཅན་གྱིས་ཉིན་ལྟར་ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞི་ཁག་གི་ཉིང་སྐྱུར་བརྟག་དཔྱད་ནུས་པ་དང་སྤུས་ཚད་འཁོར་རྒྱུག་མ་ལག་ལ་བརྟག་ཞིབ་བྱས་ནས་ཚོད་ལྟའི་བརྒྱུད་རིམ་དང་ཚོད་ལྟའི་ཁོར་ཡུག་ཁག་གཅིག་ལ་སྒྱུར་བཀོད་དམ་ཡང་ན་བཀོད་པ་ལེགས་སུ་བཏང་བ་དང་། ཚོད་ལྟ་ཁང་ལ་གཞོགས་འདེགས་བྱས་ཏེ་བརྟག་དཔྱད་བཀོལ་སྤྱོད་ཀྱི་SOPབཙུགས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། དེ་དང་ཆབས་ཅིག་སྨན་བཅོས་ཚོགས་ཆུང་གིས་དྲ་ཐོག་དང་དྲ་ཕྱིའི་བྱེད་ཐབས་སྣ་ཚོགས་ཀྱི་བརྒྱུད་རིམ་ཁྲོད་འགོག་ཟོན་གསོ་སྦྱོང་བྱས་ནས་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་དང་། ལས་རིགས་བདེ་འཇགས་འགོག་སྲུང་། ཚོད་ལྟ་ཁང་གི་ཚད་ལྡན་བཀོལ་སྤྱོད་སོགས་ཀྱི་ནང་དོན་ལ་མཛུབ་ཁྲིད་ཞིབ་ཕྲ་བྱས་ནས་ནག་ཆུར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཔུང་ཁག་ཅིག་ཧུར་ཐག་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།