དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དུས་ཚོད་ཡོལ་བའི་བཟའ་བཅའ་བཙོངས་པས་ཚོང་ཁང་འདིར་དངུལ་ཆད་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-03

    ཟླ་8ཚེས་15ཉིན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ལ་12315ཡི་ཐེར་འདོན་ཁ་པར་ཞིག་འབྱོར་བ་དང་། འཛད་སྤྱོད་པས“ལྷ་ས་གྲོང་ཁྱེར་བརྒྱད་གཅིག་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ནས་ཉོས་པའི་ཅ་ཧྲི་ལི་ཏན་ཞིམ་དང་། སྒོ་ང་ཁ་ཚ་ཚང་མ་དུས་ཚོད་ཡོལ་ཟིན་པ་མ་ཟད། ད་དུང་ཚོང་ཁང་དེས་བཙོངས་པའི་གླང་ཤའི་འཐེན་ཐུག་གི་དྲ་ཐོག་པར་རིས་དང་དངོས་པོ་གཉིས་གཅིག་པ་རེད་མི་འདུག་པས། ཚོང་ཟོག་རྫུས་མ་ཡིན་པའི་དོགས་པ་འདུག ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་རོགས”ཞེས་བརྗོད།

    ཉིན་དེར། ཁྲིམས་འཛིན་མི་སྣས་འདུམ་འགྲིག་ཐག་གཅོད་བྱས་པ་བརྒྱུད། ཚོང་པས་འཛད་སྤྱོད་པར་དངུལ་བསློགས་པ་མ་ཟད། སྐྱིན་ཚབ་སྒོར་384སྤྲད་པ་རེད། ཁྲིམས་འཛིན་མི་སྣས་ད་དུང་སྒོ་རྩིས་ཚོང་ཁང་དེའི་བཟའ་བཅའི་སྒྲོམ་སྟེགས་སྟེང་ནས་སྤུས་ཚད་འགན་ལེན་གྱི་དུས་ཚོད་ཡོལ་བའི་བཟའ་བཅའ་སྣ་ཁ་10རྩད་ཆོད་པས། ཁྲིམས་ལྟར་སྲིད་འཛིན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད། ཚོང་པའི་བྱ་སྤྱོད་དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བཞི་པའི་ནང་གསེས་དང་པོའི་རྣམ་གྲངས་བཅུ་པའི་གཏན་འབེབས་ལས་འགལ་ཡོད། དེར་བརྟེན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་བཞི་པའི་ནང་གསེས་དང་པོའི་རྣམ་གྲངས་ལྔ་པའི་གཏན་འབེབས་ལྟར། སྤུས་ཚད་འགན་ལེན་གྱི་དུས་ཚོད་ཡོལ་བའི་བཟའ་བཅའ་གཞུང་བཞེས་བཏང་བ་མ་ཟད། ད་དུང་སྲིད་འཛིན་གྱི་ཆད་པ་མི་དམངས་ཤོག་སྒོར་5000བཅད་པ་རེད།

    དྲན་སྐུལ།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རྒྱ་ཆེའི་ཚོང་པ་རྣམས་ལ། རིམས་ནད་ཐོན་རིང་། རང་རྟོགས་ངང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཚོང་གཉེར་བྱེད་དགོས། རིམས་ནད་གོ་སྐབས་སུ་བྱས་ཏེ་འབེལ་ཉོ་དཀོན་ཚོང་དང་། ཟོག་གོང་ཧམ་སྤོར། སྤུས་ཞན་ལེགས་བརྫུས། རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་འཚོང་བ། དྲིལ་བསྒྲགས་རྫུས་མ་བྱེད་པ་སོགས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་རྩད་ཆོད་ཚེ། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རྡུང་རྡེག་ཚ་ནན་དང་། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད། ཡོངས་བསྒྲགས་ངང་དམར་འདོན་བཅས་བྱེད་རྒྱུ་དང་ཉེས་གསོག་གི་དོགས་པ་ཡོད་རིགས་སྤྱི་བདེ་སྡེ་ཚན་ལ་རྩིས་སྤྲོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།