དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ནད་གཞི་དྲག་སྐྱེད་བྱུང་བའི་ས་ནས་ཏོག་གསར་གློ་ཚད་འགོ་སྲིད་དམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-03

    གདགས་གཤིས་བསྐྱར་མ་དོན་མཁན(复阳)ནས་ཏོག་གསར་གློ་ཚད་འགོ་མི་སྲིད། འདིར་བརྗོད་པའི་གདགས་གཤིས་བསྐྱར་མ་དོན་མཁན་ཞེས་པ་ནི། ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའམ་ཡང་ན་ལོག་འཇོག་བྱེད་མཚམས་བཞག་པའི་ནད་པར་གདགས་གཤིས་བསྐྱར་མ(Ctཚད་གཞི་<40)མངོན་པར་ཟེར། གདགས་གཤིས་བསྐྱར་མ་དོན་མཁན་གྱི་ཉིང་སྐྱུར་བརྟག་དཔྱད་སྤྱིར་ན་Ctཚད་གཞི་≥35ཡིན་པ་དང་། གལ་སྲིད་ནད་རྟགས་མེད་ཚེ་དོ་དམ་བྱེད་དགོས་མེད་ཅིང་། འཚོ་བ་དང་ལས་ཀ་བྱེད་རིང་ཁོ་ཚོའི་ས་ནས་ནད་དུག་འགོ་བའི་ཉེན་ཁ་མེད། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཞིབ་འཇུག་ལས་མངོན་པར། ནད་གཞི་ཕོག་མཁན་གྱི་གཟུགས་གཞིའི་གནས་ཚུལ་སླར་གསོ་བྱུང་བའི་དུས་མཚམས་སུ་ཉིང་སྐྱུར་བརྟག་དཔྱད་Ctཚད་གཞི་≥35ཡིན་ཞིང་། མ་དཔེར་ནད་དུག་ལོགས་སུ་དབྱེ་ཐུབ་མེད་པས་རེད། དེ་གོང་གི་དོན་དངོས་ལས་ཀྱང་ར་སྤྲོད་བྱུང་བར། ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་བའི་གདགས་གཤིས་བསྐྱར་མ་དོན་མཁན་ནས་ཉེ་འགྲམ་གྱི་མིར་ན་ཚ་འགོས་པ་བྱུང་མེད། གལ་ཏེ། མི་འགའ་ཤས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་དོན་རུང་། འདི་ནི“ནད་དུག་ཤི་རོ”ཡོད་པ་རྟོགས་པའི་དབང་གིས་བརྟག་དཔྱད་བྱས་འབྲས་གདགས་གཤིས་སུ་གྱུར་པ་རེད། གཞན་ཡང་། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་ཁར་ཚ་བ་རྒྱས་པ་སོགས་བྱས་ཚེ། འཕྲལ་དུ་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།