དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཏོག་དབྱིབས་ནད་དུག་གསར་པ་འགོག་བཅོས་བྱེད་པའི་སྨན་རྫས་ཁག་གསར་པ་ལྷ་སར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-31

    ཟླ་8ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་ཏོག་དབྱིབས་ནད་དུག་གསར་པ་འགོག་བཅོས་ཀྱི་སྨན་རྫས་བླུགས་པའི་གནམ་གྲུ་ཞིག་ལྷ་ས་གོང་དཀར་གནམ་ཐང་དུ་བབས་མ་ཐག་ལས་དོན་མི་སྣས་མགྱོགས་མྱུར་ཕབ་་ནས་ཞིབ་བཤེར་རྩིས་ལེན་དང་། བགོ་བཤའ། རླངས་འཁོར་ནང་འཇུག་པ་སོགས་ལས་ཏོག་དབྱིབས་ནད་དུག་གསར་པ་འགོག་བཅོས་ཀྱི་སྨན་རྫས་ཁག་གསར་པ་ཚང་མ་ལྷ་སར་འབྱོར་བ་མཚོན་གྱི་ཡོད་པ་རེད།

    མིག་སྔ་ནི་རང་ལྗོངས་ཀྱིས་ཁྱབ་མཆེད་ཀྱི་སྦྲེལ་ཐག་གཅོད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སྐབས་ཤིག་རེད། རང་ལྗོངས་ཀྱི་རིམས་ནད་ཀྱི་དུས་བབ་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་བཅག་ནས་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་འགན་སྲུང་དེ་བས་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་སྨན་རྫས་བོད་ལྗོངས་སྨན་རྫས་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས་ཏོག་དབྱིབས་ནད་དུག་གསར་པ་འགོག་བཅོས་ཀྱི་སྨན་རྫས་ཁག་གཅིག་ཉོ་སྒྲུབ་བྱས་ཏེ་རང་ལྗོངས་ཀྱི་རིམས་འགོག་དགོས་མཁོ་སྔར་བས་བསྐངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།