དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཟླ་8ཚེས་29ཉིན་གྱི་ཆུ་ཚོད་0—14བར། བོད་དུ་ནད་པ་21+194མང་དུ་ཕྱིན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-30

    2022ལོའི་ཟླ་8ཚེས་30ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས་གསར་འགྱུར་ཡོངས་བསྒྲགས་བྱས་པ་རེད།

    ཟླ་8ཚེས་29ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་49མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་31དང་། གཞིས་རྩེ་གྲོང་ཁྱེར་ལ་4 ལྷོ་ཁ་གྲོང་ཁྱེར་ལ་3 ཉིང་ཁྲི་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་4 ནག་ཆུ་གྲོང་ཁྱེར་ལ་5 མངའ་རིས་ས་ཁུལ་ལ་1བཅས་ཡོད་པ) རྟགས་མེད་ནད་དུག་འགོས་པ་645མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་244དང་། གཞིས་རྩེ་གྲོང་ཁྱེར་ལ་212 ལྷོ་ཁ་གྲོང་ཁྱེར་ལ་19 ཉིང་ཁྲི་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་8 ནག་ཆུ་གྲོང་ཁྱེར་ལ་121 མངའ་རིས་ས་ཁུལ་ལ་40བཅས་ཡོད་པ)

    ཟླ་8ཚེས་30ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་21མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་14དང་། ཉིང་ཁྲི་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་ལ་5 ) རྟགས་མེད་ནད་དུག་འགོས་པ་194མང་དུ་ཕྱིན་ཡོད(དེའི་ཁྲོད་ལྷ་ས་གྲོང་ཁྱེར་ལ་105དང་། གཞིས་རྩེ་གྲོང་ཁྱེར་ལ་30 ལྷོ་ཁ་གྲོང་ཁྱེར་ལ་3 ཆབ་མདོ་གྲོང་ཁྱེར་ལ་7 ནག་ཆུ་གྲོང་ཁྱེར་ལ་42 མངའ་རིས་ས་ཁུལ་ལ་7བཅས་ཡོད་པ)

    ཟླ་8ཚེས་29ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་466དང་ཉེན་ཁ་འབྲིང་བའི་ཁུལ་190ཡོད་པ་རེད།

    ཟླ་8ཚེས་29ཉིན་གསར་དུ་ཐོན་པའི་ནད་དཔེའི་ཁྲོད། མི་49སྤྱི་ཚོགས་ཐོག་དབྱེ་བཤེར་བྱེད་དུས་ཤེས་རྟོགས་བྱུང་བ་དང་། མི་645ལོགས་འཇོག་དོ་དམ་ཚོད་འཛིན་བྱེད་ས་ནས་ཤེས་རྟོགས་བྱུང་བ་རེད།

    ཟླ་8ཚེས་29ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་མི་317དང་། འབྲེལ་འདྲིས་དམ་ཟབ་འབྱུང་མཁན་16671ལ་གཅིག་སྡུད་ལོགས་འཇོག་གི་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར་མི་62234ཡིས་གཅིག་སྡུད་ལོགས་འཇོག་གི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།